R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]གོང་དང་འདྲའོ།། ༈ །།སྦལ་སྤང་སྣ་ལུགས་
ལཱུ་ཧི་པ་ཇོ་བོ་ལུགས་ཀྱང་ཟེར།
ཀྱི་བརྒྱུད་པ་ནི། སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཙཎྜི་ཀ་པ། བྲམ་ཟེ་ཆེན་པོ་མེ་ཀོ་བ། ལཱུ་ཧི་པ། དྷ་རི་ཀ་པ། སྡོམ་པ་བཟང་པོ། ཇོ་བོ་རྗེ། དེ་ལ་ལོ་ཆེན་རིན་བཟང་དང་། ནག་ཚོ་ལོ་ཙ་བ་གཉིས་ཀས་གསན། དེ་གསུམ་ཀ་ལ་བླ་མ་རྣམ་གཉིས་ཀྱིས་གསན། དེ་ལ་འལ་པ་
འཕན་ཡུལ།
སྟོན་མགོན། འལ་པ་
འཕན།
ཇོ་བཙུན། སྒོམ་པ་མང་སྒོམ།
འཕན་ཡུལ་རྒྱལ་བ།
སྦལ་སྤང་སྣ་བ།
དྲང་སྲོང་སྲིན་པོ་རི་པ།
མེ་རག་དར་བྱང་།
སྤོང་ཞོ་བྲག་ནག
རིན་ཆེན་རྒྱལ་པོ།
དེའི་དབོན་པོ།
བླ་མ་གྲགས་པ་དཔལ།
དོན་རི་པ།
བླ་མ་འཕགས་འོད། བུ་སྟོན། མཁས་གྲུབ་ཆོས་རྗེ། ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་སྔར་བཞིན་ནོ།། ༈ །།དཔལ་འཁོར་ལོ་བདེ་མཆོག་སློབ་དཔོན་དྲིལ་བུ་པ་ལུགས་ཀྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བརྒྱུད་པའི་བཀའ་བབ་གཉིས་དང་ལྡན་པ་ཐོབ་པ་ལས། ཐོག་མར་ས་ལུགས་ཀྱི་བརྒྱུད་པ་ནི། དཔལ་ཆེན་ཧེ་རུ་ཀ རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་འཛིན་ཞབས། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། དཔལ་ལྡན་འཇིགས་མེད་གྲགས། དུས་འཁོར་བ། མལ་གྱོ་ལོ་ཙཱ་བ། རྗེ་བརྩེ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་ཀྱི་རྗེ། འགྲོ་བའི་མགོན་པོ། ཞང་སྟོན་ཆོས་རྗེ། གྲུབ་ཆེན་བྲག་ཕུག་པ། དེ་ལ་ཆོས་རྗེ་རི་ཁྲོད་པ་དང་། ཆོས་རྗེ་བླ་མ་དམ་པ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་