R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩ན
[A:༩ན]གཉིས་པ་ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། དྲིལ་བུ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། འབྱུང་གནས་སྦས་པ། དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན། སྤྱི་ལྷས་པ་སེང་དཔལ། ཞང་སྟོན་འབྲི་ལུགས་པ། ཁྲོ་ཕུ་བ་བསོད་སེང་། ཡང་རྩེ་བ། ཀུན་མཁྱེན་བུ། ཁྱུང་ལྷས་པ། ཤར་ཆེན་པ་མན་འདྲ།། ༈ །།ཉེ་བརྒྱུད་ནི། དྲིལ་བུ་པ། དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ།། ༈ །།ས་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་ནང་ནས་གྲུབ་ཆེན་ནཱ་རོ་ཏ་པའི་ལུགས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། ཌེཾ་ཀི་པ། ཨནྟ་ར་པ། ཏི་ལོ་པ། ནཱ་རོ་པ། ཕཾ་ཐིང་པ་གཅེན་འཇིགས་མེད་གྲགས་པ། གཅུང་དུས་འཁོར་བ། ཀློག་ཀྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ། ཞང་སྟོན། བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་རི་ཁྲོད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་རྒྱལ། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། ཞ་ལུ་བ་སངས་རྒྱས་དཔལ་བཟང་། མངའ་རིས་པ་རྒྱལ་པོ། ཆོས་རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་བཙུན་དམ་པ་ཆོས་དབང་ཕྱུག འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཉེ་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ནཱ་རོ་པ། ཕཾ་ཐིང་པ་སྐུ་མཆེད་མན་གོང་དང་འདྲའོ།། ༈ །།ཡང་ཁྱབ་བདག་འཁོར་ལོའི་མགོན་པོ་དེ་