R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༤ན
[A:༦༤ན]སྐབས་ཀྱི་ཞལ་གསལ། ནམ་མཁའ་བཟང་པོ་དང་། ཆོས་དབང་རིན་ཆེན་གྲོགས་མཆེད་གཉིས་རྣམས་ལ་གདམས་པ་རེ་རེ། བཤད་གསར་བའི་དོན་དུ་མཛད་པའི་མོལ་གཏམ། མ་ཎི་བའི་དྲང་གཏམ། བསྔོ་བ་བྱེད་ཚུལ། དཔོན་རིན་དང་ཁམས་པ་མ་ཎི་པའི་དོན་དུ་མཛད་པའི་སྨོན་ལམ་རེ་རེ། རས་རྐྱང་པའི་ཞལ་ཆེམས་དྲིས་ལན། བཀྲ་ཤིས་ཀྱི་ཚིགས་བཅད་དཔོན་རིན་གྱི་དོན་དུ་མཛད་པ་སྟེ་ཆོས་ཀྱི་རྣམ་གྲངས་བརྒྱ་དང་བདུན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་བྱང་ཆུབ་རྩེ་མོ། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་གྱི་བཀའ་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མའི་རྣལ་འབྱོར། བླ་མའི་བསྟོད་པ། ཡང་བླ་མའི་བསྟོད་པ། ལོ་ཙཱ་བ་བློ་བརྟན་གྱི་གསོལ་འདེབས། བུ་སྟོན་གྱི་གསོལ་འདེབས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བསྟོད་པ། སྨར་ཁྲིད་བརྒྱུད་པའི་བསྟོད་པ། སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་གསོལ་འདེབས། སྙིང་པོ་དོན་གསུམ་གྱི་བརྒྱུད་པ། སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་པའི་ཕྱག་འཚལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་བརྒྱུད་པ། བྱང་སེམས་སྡོམ་བརྒྱུད། ཡང་བྱང་སེམས་སྡོམ་བརྒྱུད། བློ་སྦྱོང་བརྒྱུད་