[A:༡བ] རྒྱ་གར་སྐད་དུ། ཤྲཱི་མཉྫུ་གྷོ་ཥ་ནཱ་ཐ་བྷུ་མི་པཎྜུ་ལོ་ཀ་ཤྭ་ར་ཨ་ནནྡ་པུ་ནྱ་ནི་ར་བྷོ་ག་ཡེ་ན་མོ། བོད་སྐད་དུ། དཔལ་མགོན་པོ་འཇམ་པའི་དབྱངས་ས་སྐྱ་པ་འཇིག་རྟེན་དབང་ཕྱུག་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལ་ཕྱག་འཚལ་ལོ། །ཀུན་དགའི་གཟུགས་སྐུ་འགྲོ་བའི་བསོད་ནམས་སུ། །ལྷུན་གྱིས་གྲུབ་པ་བཀྲ་ཤིས་གྲགས་པའི་གཏེར། །བསྟན་པའི་རྒྱལ་མཚན་འཛིན་པའི་མཛད་འཕྲིན་ཅན། །དཔལ་འབྱོར་བཟང་པོ་ས་སྐྱ་པ་དེ་བསྔགས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། དམ་པའི་ཆོས་ཀྱི་བཀའ་དྲིན་མནོས་པའི་ཚུལ་ནི། ཐོག་མར། ༈ ཚེ་དཔག་མེད་ཛེ་ཏཱ་རི་ལྷ་དགུའི་དབང་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སྙིང་པོའི་ཞབས། ཛེ་ཏཱ་