[A:༢བ]བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་སྔར་དང་འདྲ་བ་ལས། དེ་ནས་བླ་མ་དམ་པ། བློ་གྲོས་བརྟན་པ། དཔལ་ཚུལ་བ། ཆོས་རྗེ་ཤར་པ། ངོར་ཆེན་ཀུན་བཟང་། སེམས་དཔའ་ཆེན་པོ། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རིན་པ། ས་ལོ་འཇམ་པའི་རྡོ་རྗེ་མན་འདྲའོ། །ཡང་ན་རྡོ་རྗེ་འཆང་ཡན་སྔར་དང་འདྲ་བ་ལས། ངོར་ཆེན་ཀུན་བཟང་། མཁས་གྲུབ་དཔལ་རྡོར་བ། མི་ཉག་གྲགས་རྡོར་བ། ས་ལོ་འཇམ་པའི་རྡོ་རྗེ་མན་གོང་བཞིན་ནོ། ༈ །ཡང་འཁོན་ས་སྐྱ་པའི་ཡབ་ཆོས་དཔལ་ཡང་དག་ཧེ་རུ་ཀ་མར་མེ་དགུ་པར་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རོ་ལངས་