R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཨརྻ་དེ་ཝ། དགེ་སློང་ནག་པོ་ཞབས། ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན།
མ་ཧེའི་དབུ་ཅན།
དཔའ་བོ་རྡོ་རྗེ། འབྲོག་མི་མན་གོང་དང་འདྲའོ། ༈ །གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཛ་ལནྡྷ་ར་པ། ནག་པོ་སྤྱོད་པ། ཤྲཱི་དྷ་ར། ག་ཡ་དྷ་ར། འབྲོག་མི་མན་འདྲའོ། ༈ །ཡོན་པོ་སྲོང་བའི་བརྒྱུད་པ་ཡང་དེ་དང་འདྲའོ། ༈ །ཨིནྡྲ་བོ་དྷིའི་ལམ་གྱི་བརྒྱུད་པ་ནི། །དང་པོ་དཔལ་ལྡན་སྡེའི་ཞལ་སྔ་ན།
ཨིནྡྲ་བོ་དྷི་ཆེ་བ།
།དེ་བཞིན་དུ་
དྲང་སྲོང་གཟུགས།
ཡང་ཚངས་པ
འི་ཞབས།
དང་། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ།
རྣལ་འབྱོར་མ།
།དེ་ནས་ཤྲཱི་བཛྲ་བོ་དྷི་
བར་པ
རྒྱལ། །དེའི་སློབ་དཔོན་དེའི་ཕྱི་མ་
ཨུ་པ་མའི་ཞབས
དང་། །གོས་བྲལ་
གཅེར་བུ།
ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་
ཆུང་བ
བོ་དྷི་རྒྱལ། །དེ་བཞིན་ཤྲཱི་ཡོ་བོ་དྷི་དང་། །སློབ་དཔོན་པདྨ་བཛྲ་དང་། །ཌོམྦྷི་
ཧེ་རུ་ཀའི་
ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྡན་མོ། །བུང་བའི་
མཁའ་འགྲོ་མ་
པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ན་ཀཱི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། །ཞེས་པ་ལྟར། རྡོ་རྗེ་འཆང་། དཔལ་བདེ་བ་ཆེན་པོ། ཨིནྡྲ་བོ་དྷི། དཔལ་ཚངས་པའི་ཞབས། བྲམ་ཟེ་མོ། གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བོ་དྷི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། སློབ་དཔོན་གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བོ་དྷི། སློབ་དཔོན་པདྨ་བཛྲ། ཌོམྦྷི་ཧེ་རུ་ཀ ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་