[A:༦ན]རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། རྭ་པ་ཆོས་གྲགས། བླ་མ་དོན་ཡོད་རྡོ་རྗེ། པཎ་ཆེན་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་མཉྫུ་ཤྲཱི། བསམ་གྲུབ་རྒྱལ་མཚན། མཁས་བཙུན་ཨ་ནནྡ་དྷྭ་ཛ། རྡོ་རྗེ་འཆང་ནོར་བུ་ཕུན་ཚོགས། མཁས་གྲུབ་ལྷ་དབང་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ རྗེ་ནམ་མཁའ་དཔལ་བཟང་། འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །དུས་འཁོར་ནས་བཤད་པའི་ལྷ་མོ་སྣ་ཚོགས་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཤྲཱི་ཀཱ་ལ་ཙཀྲ། མཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན། ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ། འགོས་ལོ་གཞོན་ནུ་དཔལ། ཆག་ལོ་གསུམ་པ། བདག་ཆེན་ངག་གི་དབང་ཕྱུག དྲིན་ཆེན་བྱམས་པ་རབ་བརྟན། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལུང་ཡང་ཐོས། ༈ །ཡང་གཉོས་མགོན་ཏྲཀྴད་ལྕམ་དྲལ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། བྲམ་ཟེ་མཆོག་སྲེད། རྣལ་འབྱོར་པ་རོ་ཟན་དེ་ཝ། རྣལ་འབྱོར་མ་བདེ་སྟེར་མ། བླ་མ་བ་ལིཾ་ཏ་ཨ་ཙཱརྻ། ཁ་རག་གི་གཉོས་ལོ་ཙཱ་བ། སྲས་རྡོ་རྗེ་བླ་མ། དཔལ་འབྱུང་། དཔལ་སེང་། ཡབ་གྲགས་པ་དཔལ། སངས་རྒྱས་རས་ཆེན། བླ་མ་རིན་ཆེན་རྒྱལ་པོ། བླ་མ་བྱང་དར། འཇམ་དབྱངས་རིན་ཆེན་འབྱུང་གནས། མཁས་བཙུན་ཡེ་ཤེས་རིན་ཆེན། ཀུན་