[A:༧བ]པའི་འཕྲིན་ལས་མ་ལུས་མཐར་ཕྱིན་ཏེ། །བསྟན་དང་འགྲོ་བའི་དོན་རྣམས་རེ་བ་བཞིན། །འགྲུབ་སྟེ་སྐྱེ་དགུ་བདེ་བས་འཚོ་གྱུར་ཅིག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། རིགས་ལྡན་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་ཞལ་སྔ་ནས་རྗེས་སུ་བཟུང་བའི་སྐབས་ཏེ་ལྔ་པའོ།། །།སརྦ་མངྒ་ལཾ།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།
PART VI: Teachings from Lu phu ba 'Bum chen kun dga' dpal 'byor; vol. kha, text no. 4, pp. 273-290