R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]མཁའ་རྒྱ་མཚོས། ཆོས་རྗེ་བཟང་པོ་རྒྱལ་མཚན་པ་དང་། རྡོ་རྗེ་འཛིན་པ་སངས་རྒྱས་འོད་ཟེར་གཉིས་ལས་ཀྱང་གསན་གསུངས། ཡང་བརྒྱུད་པ་ལུགས་གཅིག་ནི། རྭ་ཡེ་ཤེས་སེང་གེ་ནས། རྭ་དྷརྨཱ་སེང་གེ རྭ་དཀོན་མཆོག་སེང་གེ རྭ་དབོན་ཤེས་རབ་རྒྱལ་མཚན། ཆོས་རྗེ་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བླ་མ་བརྩོན་འགྲུས་བྱང་ཆུབ། སེམས་དཔའ་ཆེན་པོ་བསོད་ནམས་ཡོན་ཏན། ཆོས་རྗེ་དགེ་ལེགས་བཟང་པོ་མན་གོང་དང་འདྲ། ༈ །རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་སྣ་ཚོགས་ཀྱི་ལུང་ཐོབ་པ་ལ། རྒྱུད་རྟོག་པ་བདུན་པ་རྭ་ལོའི་འགྱུར། རྭ་ལོས་མཛད་པའི་དཀའ་འགྲེལ།
མན་ངག་གནད་ཀྱང་ཟེར།
ནག་འགྲེལ།
ཚིག་དོན་རྣམ་པར་བཤད་པའང་ཟེར།
མན་ངག་བཅུད་ཐིགས།
གནད་ཀྱི་མན་ངག་ཀྱང་ཟེར།
ཞལ་དགུ་པའི་སྒྲུབ་ཐབས། ཕྱག་དྲུག་པའི་སྒྲུབ་ཐབས། ཕྱག་བཞི་པའི་སྒྲུབ་ཐབས། ཕྱག་གཉིས་པའི་སྒྲུབ་ཐབས། བཅུ་གསུམ་མའི་སྒྲུབ་ཐབས། དེའི་དབང་ཆོག ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བཞི། ཤོག་རིལ་གསུམ་པ། ཉི་མ་བཞི་པ། དེའི་འགྲེལ་པ་འབུམ་སེང་གིས་མཛད་པ། ཅུ་ཚུན་དྷ་རིའི་རྟོག་པ་རྭ་ལོའི་འགྱུར། ཏེའུ་ལོ་པའི་རྟོགས་པའི་འགྲེལ་པ་དྷརྨ་སེང་གེས་མཛད་པ། བཟླས་པའི་མན་ངག འཆི་ཁ་མའི་མན་ངག ཨུཥྞི་ཥ་རྭ་ལུགས་ཀྱི་གདམས་པ། ལག་ལེན་ཁྲིགས་བཀོད། དངོས་གྲུབ་ཀྱི་སྤྱོད་པ་ཞི་བ་ཡེ་ཤེས་ཀྱིས་མཛད་པ། འཇམ་དཔལ་ནག་པོའི་རང་བཞིན་ཞེས་བྱ་བའི་བསྟོད་པ་ལྡོང་སྟོན་གྱིས་མཛད་པ། རྒྱ་སྟོན་གྱིས་མཛད་པའི་རྟོག་གསུམ་གྱི་འགྲེལ་པ་དྲི་མེད་སྣང་བ། འཁྲུལ་འཁོར་གྱི་མན་ངག་ཞལ་ཤེས་ལ། ཤོག་དྲིལ་