R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]བསྲུང་གི་མན་ངག དེའི་ཡི་གེ་མཆན་བུ་དང་བཅས་པ་རྣམས་ཐོས་སོ། ༈ །གཉིས་པ་ཐུན་མོང་མ་ཡིན་པའི་ཡི་གེའི་སྐོར་ལ། ཁམས་གསུམ་འགྲོ་བ་དབང་བྱེད་ཀག་ཆོལ་བའི་བླ་མ་བརྒྱུད་པའི་ལོ་རྒྱུས་མཁས་པ་ཡོན་ཏན་ཁྲིས་མཛད་པ། དབང་བསྡུད་ཀག་ཆོལ་མའི་ཨཱ་ལྀ་ཀཱ་ལྀའི་སྔགས་རིང་བྲི་བཟླས་ཀྱི་མན་ངག་ས་སྐྱ་པཎྜི་ཏས་དག་ཅིང་གསལ་བར་མཛད་པ། ཀག་ཆོལ་ཆེན་མོ་རྩ་བའི་ཐོ་ཡིག་བརྗེད་བྱང་རྗེ་ས་ཆེན་གྱིས་མཛད་པ། དེའི་འགྲེལ་ཊིཀ་སྦས་པ་མིག་འབྱེད་གསེར་གྱི་ཐུར་མ་རྗེ་ས་ཆེན་གྱིས་མཛད་པ། འཁོར་ལོའི་རབ་གནས་བྱ་བའི་མན་ངག་ཞལ་གདམས་དང་བཅས་པ་ས་སྐྱ་པཎྜི་ཏས་རྒྱས་པར་བཀོད་པ། བདེ་བ་རྒྱས་བྱེད་མའི་སྐུ་ལ་བརྟེན་པའི་དབང་གི་ནང་སྒྲུབ་ཟབ་མོ་རྗེ་ས་པཎ་གྱིས་མཛད་པ། གསང་སྒྲུབ་ཐ་ཆེན་ཙཀྲའི་ཡི་གེ་དང་། གནད་འབེབས་ཉི་ཟླའི་འཁོར་ལོའི་གདམས་པ་རྗེ་བཙུན་རིན་པོ་ཆེས་མཛད་པ། མཁའ་འགྲོ་མའི་སྤོགས་ཆོག་གི་གནད་ལ་དབབ་པའི་གདམས་པ་དང་། སྦྱིན་སྲེག་གི་ཡི་གེ་རྒྱས་པ་རྗེ་ས་པཎ་གྱིས་མཛད་པ། ཡུལ་བདག་དབང་དུ་བྱ་བ་བ་རི་བའི་མན་ངག་རྗེ་ས་སྐྱ་པའི་གསུང་། བཟླས་པའི་སྔགས་ཀྱི་འབྱིན་འཇུག གསལ་བྱེད་ཉི་མའི་འཁོར་ལོའི་བསྡུས་དོན། མ་གྲུབ་སྤོགས་པའི་ཆོ་ག འཁོར་ལོའི་ལྟེབ་ཚིགས་ཀྱི་ཞལ་གདམས། མ་གྲུབ་གནད་འབེབས་ཀྱི་འཁོར་ལོའི་ཡི་གེ ཕོ་མོ་གནད་ཀྱི་འཁོར་ལོ། གནད་འབེབས་ཉི་ཟླའི་གདམས་པ། ཕོ་མོ་གནད་ཀྱི་འཁོར་ལོའི་ཞལ་གདམས་རྣམས་རྗེ་ས་སྐྱ་པ་ཆེན་པོའི་ཞལ་གྱི་གདམས་པ། ཐ་ཆེན་འཁོར་ལོའི་ཡི་གེ་གསང་བའི་སྒྲུབ་ཐབས། དེའི་ཞལ་གདམས། བླ་མ་ས་སྐྱ་