R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]གྲགས་པ་རྒྱལ་མཚན། ཆོས་རྗེ་ཀུན་མཁྱེན་ཆེན་པོ་མན་འདྲ། ཡང་ན། སྒ་ལོ། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་མན་འདྲ། ཡང་ན། སྒ་ལོ། བླ་མ་ཚུལ་ཁྲིམས་དར། དུས་འཁོར་བ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཞབས། སྐྱི་སྟོན་མན་འདྲ། ༈ །བུ་ལུགས་ཀྱི་བརྒྱུད་པ་ལ་ཡང་གཉིས་ལས། རྭ་ལུགས་ནི། རོང་པ་དུས་འཁོར་བ་ཤེས་རབ་སེང་གེ་ཡན་འདྲ། དེ་ནས་བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། འབྲོ་ལུགས་ནི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཡན་འདྲ། དེ་ནས་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཡང་ན་སེ་མོ་ཆེ་བ། བོ་དོང་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། གཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། གཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་བློ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཡང་ན། བོ་དོང་རིན་ཆེན་རྩེ་མོ། འཛིན་པ་རིན་ཆེན་ཤེས་རབ། ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། དབོན་རྒྱལ་བ་ཇོ་བཟང་། རིགས་ལྡན་རྣམ་རྒྱལ་གྲགས་པ། ཤང་སྟོན་ཀུན་དགའ་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང་། པཎ་ཆེན་ཤེས་རབ་བཀྲ་ཤིས། རྗེ་བཙུན་བྱམས་པ་ཤཱཀྱ་འོད། ཐུགས་སྲས་ཆོས་དར་གྲགས་འཕེལ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་དཔལ་གསང་བ་