R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩ན
[A:༡༩ན]བརྒྱུད་ནས་དབང་གོང་མ་གསུམ་ཡང་མཛད་དོ། །
རྗེ་བཙུན་སྒ་ལོ། རོང་པ་ཤེར་བཟང་། སྐྱི་སྟོན་གྲགས་རྒྱལ། ཆོས་རྗེ་ཇོ་ནང་ཀུན་མཁྱེན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་མན་འདྲ། ༈ །དྷ་ན་ཤཱི་ལའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་རུ་པ། ནག་པོ་པ། ས་ལི་པ། ཤཱི་ལ་ཙཎྜ། དྷ་ན་ཤཱི་ལ། འཇམ་གསར། རྗེ་བཙུན་སྒ་ལོ་མན་སྔར་དང་འདྲ། ༈ །རྫོགས་རིམ་ཟབ་མོ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་ཉམས་ཁྲིད་དུ་ནོས་ནས། དེ་དང་འབྲེལ་བར་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་གྱི་བྱིན་རླབས། འོད་གསལ་འཆར་བའི་བྱིན་རླབས། བདུད་རྩི་བྱིན་རླབས། ལུང་གི་སྐོར་ལ་བི་རུ་པས་མཛད་པའི་སྤྲོས་མེད་རྡོ་རྗེའི་ཚིག་རྐང་། གཞན་ཡང་བིརྺ་པས་མཛད་པའི་བསྐྱེད་རིམ་གྱི་གཞུང་གསུམ་དང་། རྫོགས་རིམ་གྱི་གཞུང་གསུམ། ལས་རྫོགས་ཀྱི་གཞུང་གཉིས་ཏེ་བརྒྱད། ངོར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་བདུད་རྩི་བུམ་པ། དཀྱིལ་ཆོག་བདུད་རྩིའི་ཆུ་རྒྱུན། ཁྲིད་ཡིག་སྤྲོས་མེད་མཛེས་རྒྱན། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཟིན་བྲིས་མཛད་པའི་ཁོག་ཕུབ། བསྐྱེད་རིམ་རྣམ་བཤད། ཁྲིད་ཀྱི་ཟུར་འདེབས་དང་། ཡང་རྗེ་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་གསོལ་འདེབས་ལམ་རིམ་དང་བཅས་པ། རྒྱུན་གྱི་ཉམས་ལེན་གྱི་ཡི་གེ་རྣམས་ཐོབ་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། བི་རུ་པ། ཌོམྦྷི་པ། བྲམ་ཟེ་དཔལ་འཛིན། བློ་བཟང་སྙིང་པོ། དར་པཎ་ཨ་ཙརྻ། གློ་བོ་ལོ་ཙཱ་བ། བླ་མ་ས་
བློ་གྲོས་དཔལ་
པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་