[A:༣༧ན]ཞལ་གཟིགས་དུས་བསྟོད་པ། བླ་མ་དམ་པས་མཛད་པའི་བསྟོད་པ། ཐེག་ཆེན་ཆོས་རྒྱལ་གྱིས་མཛད་པའི་བསྟོད་པ། ས་སྐྱ་པ་ཆེན་པོས་མཛད་པའི་བསྟོད་པ། རྡོ་རྗེ་གདན་པ་ཤྲཱི་ཝན་སིདྡྷས་མཛད་པའི་བསྟོད་པ། ལྷ་མོའི་བསྟོད་པ་ལ། ཐོད་པ་དགུ་བརྩེགས་མ་བདུད་རི་ཏི་འགོང་གཡག་གིས་མཛད་པ། ལྷ་མ་སྲིན་གྱི་བསྟོད་པ་དྲང་སྲོང་ཀེའུ་ཏེས་བསྟོད་པ། མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་བསྟོད་པ། ཨ་བྷ་ཡས་ཞལ་གཟིགས་དུས་བསྟོད་པ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཡན་ལག་བདུན་པའི་སྒོ་ནས་བསྟོད་པ། ཆོས་རྗེ་བླ་མ་དམ་པས་བསྟོད་པ། ཤྲཱི་ཝན་སིངྷས་བསྟོད་པ། བསྐུལ་ལ། ལས་མགོན་རུ་འདྲེན་དང་བཅས་པའི་དྲག་བསྐུལ་བྲམ་ཟེས་མཛད་པ། མགོན་པོའི་བསྐུལ་འོད་ལྡན་དཔལ་གྱིས་མཛད་པ། གནོད་སྦྱིན་ཁྱུང་མགོ་ཅན་གྱི་བསྟོད་བསྐུལ་གྱི་ཡི་གེ་རྙིང་པ། འཁོར་བཅས་ཀྱི་གཏོར་བསྐུལ་དམ་པས་མཛད་པ། ཐུན་མོང་གི་འཁོར་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་ལ་སོགས་པའི་བསྐུལ། ཕྱོགས་སྐྱོང་བཅུ་ལ་སྤྲུལ་པ་དང་བཅས་པའི་བསྐུལ། ཕོ་ཉ་ལྔ་གཎྜེའི་ཁྲོ་ཚོགས་དང་བཅས་པའི་བསྐུལ། རུ་འདྲེན་སྡེ་བཞིའི་ཟོར་བསྐུལ་རྣམས་དམ་པས་མཛད་པ། མགོན་པོའི་གཏོར་བསྐུལ་ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པ། ནག་པོ་ཆེན་པོའི་ཆོས་སྐོར་གྱི་དཀར་ཆག་དང་། གྱི་ལྗང་ལུགས་ཀྱི་ཆོས་སྣའི་རྐང་གྲངས་མུས་སྲད་པས་མཛད་པ་དང་། པུ་ཏྲ་མིང་སྲིང་རུ་འདྲེན་དང་བཅས་པའི་འཆམ་ཡིག་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པ། ངོར་ལུགས་ལ། ནག་པོ་ཆེན་པོའི་ཆོས་སྐོར་གྱི་དཀར་ཆག ལྷ་བརྒྱད་