[A:༦༣བ]ཐབས་གཉིས། ས་སྐྱ་པཎ་ཆེན་པ་ཡན་འདྲ་བ་ལས། བོ་དོང་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ ཀུན་མཁྱེན་བུ། རིན་པོ་ཆེ་བསོད་གྲགས་པ་མན་སྔར་བཞིན་ནོ། །སྡོམ་པ་ཉི་ཤུ་པའི་ཊཱིཀྐ། མཚན་བརྗོད་འདོན་ཐབས་རྣམས་ནི། ཀ་བཞི་པ་གྲགས་གཞོན། རིན་པོ་ཆེ་བསོད་གྲགས་པ། མཁན་ཆེན་གཞོན་ནུ་མགོན། ཤེས་རྡོར་རོ། །ཀྱཻ་རྡོ་རྗེའི་དབང་ཆུ་ཆེན་མོ། དབང་ཆོག་ནས་གླིང་མ། ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ། མངོན་རྟོགས་ཡན་ལག་དྲུག་པ། བདག་མེད་མའི་མངོན་རྟོགས། ལཱུ་ཧི་པའི་མངོན་རྟོགས་གསུམ། ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་བྱིན་རླབས། ལས་བཅུ། འཆིམ་ཆོས་སེང་ལ་སྤྲིངས་པ། གཞན་ཕན་ཉེར་མཁོ། ཨརྒའི་ཆོ་ག ཁ་འབར་མའི་གཏོར་ཆེན་རྣམས་ནི། ས་པཎ། འཕགས་པ། འཇམ་སྐྱ། ཨ་མོ་གྷ། ཤེས་རྡོར་རོ། །དྲིལ་བུ་པའི་ལོ་རྒྱུས། རིམ་ལྔ། ཚེས་བཅུའི་མཆོད་པ། ངེས་བརྗོད། བླ་མའི་འཕྲུལ་འཁོར་བྲི་ཐབས་རྣམས་ནི། སྟོད་ལོ། ཨ་མོ་གྷ། ཤེས་རྡོར་རོ། །སྒྲོལ་མ་ཉེར་གཅིག་མའི་ས་བཅད་དང་ཊཱིཀྐ། ཉི་སྦས་ཀྱི་ཉེར་གཅིག་མའི་ལས་ཚོགས་དང་བཅས་པའི་ས་བཅད་རྣམས་ནི། བླ་མ་ཐུབ་མགོན། ཨ་མོ་གྷ། ཤེས་རྡོར་རོ། །རིགས་གསུམ་སྤྱིའི་རིགས་གཏད། ཨ་ར་པ་ཙ་ནའི་མངོན་རྟོགས། དཀྱིལ་ཆོག་རྣམས་ཀྱང་གོང་དང་འདྲ། དཔའ་བོ་དྲུག་པའི་རྒྱུད་ཀྱི་ཊཱིཀྐ་ནི། ཆོས་རྗེ་པ། ཤང་པ་བསོད་རིན། སློབ་དཔོན་བཟུང་ལུས། རིན་པོ་ཆེ་བསོད་ནམས་འབྱུང་བ། ཤེར་རྡོར་རོ། །བརྟག་གཉིས་ཀྱི་ཊཱིཀྐ་རྣམ་བཤད་ཉི་མའི་འོད་ཟེར་ནི། ཆོས་རྗེ་ཁུ་དབོན། དེ་