[A:༦༧བ]གྲོས་ཁང་བཟང་ཐར་པའི་རྒྱལ་མཚན་འཛིན། །དགེ་ལེགས་ཀུན་གྱི་དཔལ་འབྱོར་ཟད་མི་ཤེས། །མཛད་འཕྲིན་བཟང་པོས་ཐུབ་བསྟན་སྐྱོང་དེར་འདུད། །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། དང་པོ་ལ་ལམ་འབྲས་བརྒྱུད་པའི་གསོལ་འདེབས་ཕྱག་མཆོད། རྒྱུད་འགྲེལ་ལུགས་ཀྱི་བརྒྱུད་འདེབས། བླ་མའི་མཚན་འབུམ། བ་རི་པའི་ཆོས་སྐོར་གྱི་བརྒྱུད་འདེབས། འཇིགས་བྱེད་ས་ལུགས་ཀྱི་བརྒྱུད་འདེབས། བླ་མ་ལ་གསོལ་བ་འདེབས་པ་རབ་བྱེད་མ་སྤེལ་མ་གོང་འོག་གཉིས། བླ་མ་སྤྱིའི་བསྟོད་པ་མུ་ཏིག་གི་ཕྲེང་བ། ཆོས་རྗེ་པ་ལ་བསྟོད་པ་གཉིས། གསོལ་འདེབས་ཡན་ལག་བདུན་པ། ཆོས་རྗེ་པའི་མཚན་ལ་སྤེལ་བའི་བསྟོད་པ། ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ། ཡང་བསྟོད་པ་ཤླཽ་ཀ་གཉིས། ཐོས་པ་རྒྱ་མཚོ་མ། མཆོག་བརྒྱད་ལ་བསྟོད་པ། གང་དྲིན་མ་ཆེན་མོའི་འགྲེལ་པ། མཎྜལ་འབུལ་ཚུལ་གང་གི་མཆོད་རྫས་མ་དང་བཅས་པ། བླ་མའི་རྣལ་འབྱོར། ཕྱོགས་བཅུ་དུས་གསུམ་མ། ཆོས་རྗེ་པ་ལ་བསྟོད་པ་མེ་ཏོག་གི་ཕྲེང་བ། ལམ་འབྲས་སོགས་ཀྱི་གསན་ཡིག་བཀྲ་ཤིས་རྒྱལ་མཚན་བསྡེབས་པ། ཆོས་རྗེ་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར། བརྟག་གཉིས་ཀྱི་ས་བཅད། རྒྱུད་ཀྱི་མངོན་རྟོགས། དག་ལྡན་ཆུང་བ། ཀྱེ་རྡོར་གྱི་སྤྱི་དོན་གསལ་བ། གུར་གྱི་ལེ་འགྲེལ། སམྦུ་ཊའི་བསྡུས་དོན། རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་སྲུང་འཁོར་དང་བཅས་པ། ཀྱཻ་རྡོ་རྗེའི་མངོན་རྟོགས་ཡིད་བཞིན་ནོར་བུ། མངོན་རྟོགས་ཡན་ལག་དྲུག་ཆུང་། བསྙེན་པའི་