R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༨བ
[A:༦༨བ]པོ། མཆོད་ཕྲེང་ཀུན་བཟང་མཆོད་སྤྲིན། ནག་པོ་པའི་སྦྱིན་སྲེག་གི་སྡོམ་ཚིག སྦྱིན་སྲེག་གི་ཆོ་ག དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་ཐབས། ན་པ་ལ་བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་རིམ་པ་གསལ་བ། ཡང་དེ་ལས་ཅུང་བསྡུས་པའི་ལཱུ་ཧི་པའི་སྒྲུབ་ཐབས། བདེ་མཆོག་གི་རྒྱུན་བཤགས། བདེ་མཆོག་གི་དཀྱིལ་འཁོར་གྱི་བསྟོད་པའི་རབ་དབྱེ། དྲིལ་བུ་པའི་དབང་གི་སྡོམ་ཚིག དྲིལ་བུ་ལུས་དཀྱིལ་ཀྱི་བདག་འཇུག རིམ་ལྔའི་ཁྲིད་ཡིག བདེ་མཆོག་གཙོ་བོ་ཞལ་ཕྱག་ཡོངས་རྫོགས་ལྷ་ལྔའི་སྒྲུབ་ཐབས།
འདི་མར་དོ་ནས་བརྒྱུད་པ་ཡིན།
བདེ་མཆོག་ལྷན་སྐྱེས་སྔོན་པོའི་སྒྲུབ་ཐབས་རྒྱས་པ། ཡང་བསྡུས་པ་གཅིག ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག བདེ་མཆོག་གི་བཀྲ་ཤིས་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ལ་ཞུས་དག་ཁ་སྐོང་མཛད་པ་འཇིམ་གིར་དང་། གོ་བོ་ཅན་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་བཅད་གཉིས། ཕག་མོ་ལྷ་སོ་བདུན་མའི་སྒྲུབ་ཐབས། ནཱ་རོ་མཁའ་སྤྱོད་ཀྱི་མངོན་རྟོགས། དེའི་ཚོགས་འཁོར། དེའི་བྱིན་རླབས་བྱ་ཚུལ། སྒོ་མཚམས་མ་བརྒྱད་ཀྱི་བསྟོད་བསྐུལ་ཏེ་ནག་པོ་ཆེན་པོའི་དབང་ནས་འདིའི་བར་ལ་ཆོས་སྣ་ཉི་ཤུ་རྩ་བདུན། སྒྱུ་མ་ཆེན་པོའི་དཀྱིལ་ཆོག དེའི་སྒྲུབ་ཐབས། གཙོ་རྐྱང་གི་སྒྲུབ་ཐབས་བསྡུས་པ། དེའི་ཚོགས་འཁོར་གྱི་ཆོ་ག་སྟེ་ཆོས་སྣ་བཞི། ཕྱག་འཚལ་ཉི་ཤུ་རྩ་གཅིག་མའི་ལྷ་མོ་ལྗང་ཁུའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལྷ་བཅུ་བདུན་མའི་སྒྲུབ་ཐབས་དང་དཀྱིལ་ཆོག སྒྲོལ་མ་ལུས་དཀྱིལ་གྱི་སྒྲུབ་ཐབས། འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས། ཨུ་རྒྱན་སྒྲོལ་མའི་སྒྲུབ་ཐབས། ཕྱག་དྲུག་སྒྲོལ་མའི་སྒྲུབ་ཐབས་