R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡བ
[A:༧༡བ]མོར་བཅས་པ་ལ་ཤིང་མོ་ཡོས་ལ་གནང་བའི་བཀྲ་ཤིས། མེ་ཕོ་འབྲུག་ལ་གནང་བའི་བཀྲ་ཤིས། མེ་མོ་སྦྲུལ། ས་ཕོ་རྟ། དེ་ནས་ལོ་གཉིས་ལ་མི་སྣང་། ལྕགས་མོ་བྱ། ཆུ་ཕོ་ཁྱི། ཆུ་མོ་ཕག ཤིང་ཕོ་བྱི་བ། ཤིང་མོ་གླང་།
སྟག་གི་དེ་མ་ཚུད།
མེ་མོ་ཡོས། ས་ཕོ་འབྲུག ས་མོ་སྦྲུལ། ལྕགས་ཕོ་རྟ། ལྕགས་མོ་ལུག ཆུ་ཕོ་སྤྲེལ། ཆུ་མོ་བྱ། ཤིང་ཕོ་ཁྱི། ཤིང་མོ་ཕག མེ་ཕོ་བྱི། མེ་མོ་གླང་། ས་ཕོ་སྟག ས་མོ་ཡོས། ལྕགས་ཕོ་འབྲུག་རྣམས་ལ་ལོ་གསར་ཤར་རིམ་གྱིས་གནང་བའི་བཀྲ་ཤིས་ཀྱི་ཕྲེང་བ་ཚིགས་སུ་བཅད་པ་དགུ་དང་བཅུ་གསུམ་ལ་སོགས་པ་ཅི་རིགས་པ་ཡོད། ཡང་མངྒ་ལཾ་ཡབ་ཡུམ་ལ་གནང་བ། ཇི་བིག་ཡབ་ཡུམ་ལ་གནང་བ། དཔོན་མོ་ཆེ་ལ་གནང་བ། ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གཅིག་རྣམས་བཞུགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། མཁན་ཆེན་བྱང་སེང་བ། ཤར་ཆེན་པ། རྗེ་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་ཐར་རྩེ་བ་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཡོངས་འཛིན། རྗེ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན། ཆོས་རྒྱལ་འཕགས་པ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་