R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]ཐབས། ཁྲོ་བཅུའི་སྲུང་འཁོར། ཀྱཻ་རྡོ་རྗེའི་མངོན་རྟོགས་ཡིད་བཞིན་ནོར་བུ། མངོན་རྟོགས་ཡན་ལག་དྲུག་པ་ཟུར་དུ་ཕྱུང་བ།
ཡན་ལག་བཞི་དྲུག་མི་འདྲ་བའི་ཁྱད་པར་ཡང་ཟེར།
བསྙེན་པའི་ཐོ་ཡིག
བསྙེན་པའི་གྲངས་ཚད་ཀྱི་ཞུས་ལན་ཡང་ཟེར།
དམ་ཚིག་གསུམ་གྱི་མཇུག་ཏུ་བྱ་བའི་སྨོན་ལམ། ཀྱེ་རྡོར་བདག་འཇུག་དབང་ལ་འཇུག་པ།
བདག་འཇུག་དཔལ་འབྱུང་མའང་ཟེར།
ལམ་དུས་ཀྱི་དབང་རྒྱས་པ་ལེན་ཚུལ། དབང་གོང་མ་གསུམ་གྱི་ལག་ལེན་ཚིགས་བཅད་མ། ལུས་དཀྱིལ་སྒྲུབ་ཐབས། ནང་གི་དེ་ཁོ་ན་ཉིད། ཚོགས་འཁོར་བདུད་རྩི་བུམ་པ། དེའི་ལུང་སྦྱོར། ཚོགས་འཁོར་བསྡུས་པ། བདུད་རྩི་འབྱུང་བ།
རིལ་བུ་སྒྲུབ་པ་ཡང་ཟེར།
བདག་མེད་ལྷ་མོ་ལྔའི་མངོན་རྟོགས།
སམ་སྒྲུབ་ཐབས།
དེའི་བསྟོད་པ་རྣམ་དག་གི་ཕྲེང་བ། དག་པ་གསུམ་གྱི་ཁྲིད་ཡིག འཕོ་བའི་རྣལ་འབྱོར་བསྒོམ་པའི་མན་ངག་ཟབ་མོ། ཁྲོ་བཅུའི་བསྟོད་པ།
རྡོ་རྗེ་ཁྲོ་བོའི་བསྟོད་བསྐུལ་ཡང་ཟེར།
སེང་གེ་མཐའི་ཞུས་ལན། ལྡན་མ་དབང་ཕྱུག་འབུམ་གྱི་ཞུས་ལན།
དྲི་ལན་རྣམ་པར་ངེས་པའང་ཟེར།
དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས། ལྔ་བསྡུས་གཟའ་ལྔ་སྒྲ་གཅན་དང་བཅས་པའི་ཉི་ཁྱིམ་འཕོ་བའི་རྩིས། རྩིས་བསྡུར་གསལ་བྱེད་སྒྲོན་མེ། དེའི་དོན་ཡང་དག་པར་བསྡུས་པར། གདོད་མའི་དུས་གསལ་བར་བྱེད་པའི་རྩིས། རྩིས་ཀྱི་གཙུག་ལག་དང་མཐུན་ངེས་པ། དྷུ་བ་གཉིས་པའི་རྩིས་ཡིག ལོ་བདག་ཉི་ཤུ་རྩ་གཉིས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད། ཆོས་འཁོར་དུས་ཀྱི་གཏན་རྩིས། འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་གི་སྡོམ་ཚིག དེའི་བདག་