R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣ན
[A:༡༣ན]འདིར་ཡོད།
བདུད་རྩི་ལྔའི་མཆོད་པ། མགོན་པོའི་བསྟོད་པ་གང་ཐུགས་མ། དཔལ་མགོན་ལྕམ་དྲལ་གྱི་མཆོད་གཏོར་བཤགས་པ་དང་བཅས་པ། དཔལ་གདོང་བཞི་པའི་བསྟོད་པ། ཡང་ཕྱོགས་བཞིའི་གཏོར་མ། རྗེ་བཙུན་ས་སྐྱ་པའི་མན་ངག་ཉིན་ཞག་ཕྲུགས་གཅིག་གི་གཏོར་མའི་ཆོ་ག
དཀར་ཆག་དྲུག་ཅུ་རྩ་བཞི། ཕྱོགས་སྐྱོང་། ལྷ་ཀླུ། ཆབ་གཏོར་ཀླུ་གཏོར།
བསྟོད་དབྱངས་རྒྱ་མཚོ་སྙན་ངག་རིན་པོ་ཆེའི་རྒྱན་བཀྲ་བ། འཇམ་དབྱངས་ལ་བསྟོད་པ་ཉེ་བར་བསྔགས་པ་མེ་ཏོག་ཕྲེང་བ། འཇམ་དཔལ་ལ་མཚན་དོན་གྱིས་བསྟོད་པ། ཡང་འཇམ་དཔལ་ལ་བསྟོད་པ་ནོར་བུའི་ཕྲེང་བ། འཇམ་དཔལ་བརྟན་པའི་འཁོར་ལོ་ལ་བསྟོད་པ། རྩེ་ལྔའི་རི་ལ་སོ་སོའི་རིགས་དང་མཐུན་པར་བསྟོད་པ། ཡང་དེ་ཉིད་ལ་བསྟོད་པ། སྐྱིད་གྲོང་འཕགས་པ་ཝ་ཏི་ལ་མནལ་ལམ་དུ་བསྟོད་པ། བྱམས་མགོན་ལ་བསྟོད་པ། གནས་བརྟན་བཅུ་དྲུག་ལ་བསྟོད་པ། ཆོས་སྤྱོད་བཅུ་པ་བསྡུས་པ། ཡན་ལག་བདུན་པ་རྒྱ་སྐད་མ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་རྣམས་འབྲིང་དུ་བསྟན་པ། ཡང་དེ་རྣམས་བསྡུས་པ། ཡུལ་སྐྱོང་མགོན་པོ་དཔལ་བཟང་ལ་གདམས་པ། སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྣམ་གཞག སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྣམ་གཞག་བོ་ལོད་ཀྱི་དོན་དུ་མཛད་པ། སྐྱབས་འགྲོ་སེམས་བསྐྱེད་དབང་གི་བསླབ་བྱ་རྒྱལ་པོ་ཨ་རོགས་ཆེའི་དོན་དུ་གནང་བ། མ་མོ་ལ་སྤེལ་བའི་རབ་ཏུ་བྱེད་པ།
་ཡི་གེ་མ་མོ་ལ་སྤེལ་བ་འདི་རྒྱལ་པོ་ལ་བསྟོད་པ་ཡིན།
རྒྱལ་པོ་ལ་གདམས་པ། དེའི་བསྡུས་དོན། ཐེག་པ་མཆོག་གི་གསལ་བ། དེའི་བསྡུས་དོན། ཤེས་བྱ་རབ་