[A:12]འབྱུང་གནས། མངའ་བདག་ཉང་རལ་པ། མངའ་བདག་རས་ཆུང་བ། བླ་མ་བཟུང་སྟོན་རིན་ཆེན། གུ་རུ་དྷརྨཱ་རཏྣ། རྟོགས་ལྡན་ཆོས་ཉིད་རང་གྲོལ། དྲིན་ཅན་སངས་རྒྱས་ལྷུན་དབང་། སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་རྒྱལ་སྲས་ཆོས་རྗེ། བླ་མ་དམ་པ་ལེགས་པ་དཔལ་བཟང་། རྒྱ་དཀར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྗེ་བཙུན་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན། པཎ་ཆེན་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ངག་དབང་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྗེས་སུ། སྤྱན་སྔ་ངག་དབང་ཆོས་གྲགས། ཇོ་གདན་མཁན་ཆེན་ཤེས་རབ་རིན་ཆེན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་མན་འདྲ། ༈ །འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དི་པཾ་ཀ་ར། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། ཡེ་ཤེས་སེང་གེ རྭ་འབུམ་སེང་། ཀློག་ཀྱ་དབང་གྲགས། ལྡོང་སྟོན་ཤེས་དཔལ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བྱང་ཆུབ་དཔལ་བཟང་། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་