R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 44
[A:44]མྱུར་དུ་གཅོད་པ་སྲོག་རྩ་རྣོན་པོའི་ཤོག་རིལ། དགྲ་མཁར་རྨངས་ནས་བསྒྱེལ་བ་ནག་པོ་ཆེན་པོ་མཁར་བསྒྱེལ་གྱི་ཤོག་རིལ། སེར་བ་དབབ་པ་སྤུ་གྲི་ངར་མའི་ཤོག་རིལ། ཞིང་སེལ་འཇུག་པ་སྤུ་གྲི་སོ་འདེབས་ཀྱི་ཤོག་རིལ། གཅུན་ཐབས་ཉི་ཟླ་ཅན་གྱི་ཤོག་རིལ། གནད་ལ་དབབ་པ་ལྷ་མོ་ནག་མོའི་ཤོག་རིལ་བཀའ་རྒྱ་མ། འཁུ་ལྡོག་བྱེད་ན་མནན་པའི་ཤོག་རིལ། ལས་བྱེད་དུ་མ་འདོད་ན་ཨར་ལ་གཏད་པའི་ཤོག་རིལ་ཏེ་ཤོག་རིལ་ཉེར་གཅིག དཔལ་མགོན་གྱི་བསྙེན་སྒྲུབ། རླུང་འཁོར། གཏོར་ཆེན། མནན་པ་རྣམས་ཀྱི་ཞལ་ཤེས་ཀྱི་ཡིག་ཆུང་། སྒྲུབ་པའི་གནད་རྗེ་བཙུན་གྱིས་གསུངས་པ། སྒྲུབ་པ་རྐང་གྲངས་ཀྱི་ཡི་གེ གཏོར་ལེན་བྱ་རོག་བརྟག་པ། འཁུ་ལྡོག་མི་འབྱུང་ཞིང་ལས་མྱུར་དུ་སྒྲུབ་པའི་ཡི་གེ རྩ་བ་དང་། གནད་འབེབས་དང་། ལས་ཚོགས་ཀྱི་འཁོར་ལོ་ཡི་གེ འཁོར་ལོ་དང་ལིང་རྩེ་ལིང་གའི་ཞལ་ཤེས་རྣམས་ཀྱི་ཡི་གེ འཁོར་ལོའི་བྲི་ཐབས་ཀྱི་ཡི་གེ འཁོར་ལོའི་སྔགས་བཅང་གི་ཡི་གེ འཁོར་ལོའི་སྔགས་བཀོད་ཚུལ་གྱི་ཡི་གེ ལས་ཚོགས་འགའ་གསུངས་པའི་འཁོར་ལོའི་མན་ངག་གི་ཡི་གེ ཞལ་གདམས་སྙིང་གི་དུམ་བུ། སྤུ་གྲི་སོ་འདེབས་ཀྱི་གདམས་པ། ཞལ་གདམས་སྙིང་གི་དུམ་བུ་ལས་རང་སྲུང་ཕྲ་མོ་ཡིད་བཞིན་གྱི་འཁོར་ལོའི་གདམས་པ། ཞལ་གདམས་སྙིང་གི་དུམ་བུ་ལས་རྟེན་གྱི་ཡི་གེ ཞལ་གདམས་སྙིང་གི་དུམ་བུ་ལས་གཏོར་མ་བཞིའི་ཞལ་གདམས། ཞལ་གདམས་སྙིང་གི་དུམ་བུ་ལས་འཁོར་ལོའི་ཞལ་གདམས། བྲམ་ཟེའི་དམོད་པའི་སྲོག་མཐུ། བཀའ་སྡོད་དྲང་སྲོང་ནག་པོའི་པྲ་དབབ་པ། ཐན་འགྱེད་གཉན་གྱི་མགོ་སྤུ་མ། ཡུམ་ཆེན་