[A:57]འཁོར་ཞབས། །ཙོ་རི་པ་རུ་དུས་འཁོར་ཞབས་གཉིས་པ། །ཁ་ཆེའི་གྲོང་དུ་པཎ་ཆེན་ཟླ་བ་མགོན། །འཕན་ཡུལ་གྲགས་སུ་བསྒོམ་པ་དཀོན་མཆོག་བསྲུང་། །གནམ་ལ་སྒང་དུ་སྒྲོམ་སྟོན་གནམ་ལ་བརྩེགས། །འོ་ཡུག་རྒྱལ་ཁབ་གནས་སུ་ཡུ་མོ་རྗེ།
མི་བསྐྱོད་རྡོ་རྗེ་མཚན་དངོས་དད་པ་རྒྱལ་པོ།
།གཡས་རུ་གྲོད་ཆུང་དགོན་པར་དེའི་སྲས།
ཆོས་དབང་ཞབས། །ཁང་གསར་དཔལ་གྱི་དགོན་པར་ནམ་མཁའ་འོད། །ཕོ་ལུང་པ་ཕུག་ནགས་སུ་སེ་མོ་ཆེ།ཆོས་དབང་གི་སྲས་ག་ག་དྷྭ་ཛ།
།རྐྱང་འདུར་ཆོས་གྲྭར་འཇམ་གསར་ཤེས་རབ་འོད། །མན་ངག་དགེ་སྡིང་དགོན་པར་ཆོས་སྐུ་འོད། །སྐྱིད་ཕུག་བདེ་ལྡན་གནས་སུ་ཀུན་སྤངས་ཆེ།ཨཀྵོ་བྷྱ་མཚན་དངོས་ཐུགས་རྗེ་བརྩོན་འགྲུས།
།བདེ་ཆེན་དགོན་པར་བྱང་སེམས་རྒྱལ་ཡེའི་ཞབས། །ཇོ་མོ་ནང་དུ་མཁས་བཙུན་ཡོན་རྒྱམ་པ།མཚན་དངོས་ཐུགས་རྗེ་རྒྱལ་མཚན།
།སྐུ་འབུམ་ཆེན་པོར་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། །མཁར་ཆུང་དགོན་པར་ཕྱོགས་ལས་རྣམ་རྒྱལ་ཆེ།མཚན་དངོས་ཆོས་ཀྱི་རྒྱལ་པོ།
།རྩེ་ཆེན་ཆོས་གྲྭར་ཉ་དབོན་ཀུན་དགའ་དཔལ། །ཤོ་མའི་རི་བོར་གྲུབ་ཆེན་ཀུན་བློའི་ཞབས། ། བརྩེ་ཆེན
ཤར་ཆེན་གནས་སུ་འཇམ་དབྱངས་དཀོན་མཆོག་བཟང་། །གྲ་ཐང་ཆོས་གྲྭར་ལོ་ཆེན་ཆོས་སྐྱོང་བཟང་། །དཔལ་ལྡན་ས་སྐྱར་འཇམ་དབྱངས་ཀུན་དགའི་མཚན། །རཏྣ་བྷ་དྲ་མན་ཆད་གོང་དང་འདྲ། །ཡང་ན། ཀུན་སྤངས་རྗེ། འཕགས་འོད། བུ་སྟོན། ལྕེ་བཙུན་པ་སོགས་གོང་དང་འདྲ། ཡང་ན་འཇམ་གསར། སྒ་ལོ་ཤེས་སེང་། འཕགས་འོད། བུ་སྟོན། ལྕེ་བཙུན་པ་སོགས་འདྲ། ཡང་ན། སེ་མོ་ཆེ་བ། རིན་རྩེ་བ། འཛིན་པ་རིན་ཤེ ཤར་པ་དུས་