R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 67
[A:67]སྲས་འོད་བསྲུང་། གཉན་སྟོན་ཆོས་རྒྱལ། འཛིན་པ་རིན་ཤེ འཇམ་དབྱངས་འཁོན་སྟོན། འཇམ་དབྱངས་བཞི་ཐོག་པ། བླ་མ་ཆ་རྒྱན་དབང་རྒྱལ། ཀློག་ཀྱ་བླ་མ་གྲགས་ཆེན་པ། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ རྗེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །བརྒྱུད་པའི་གསོལ་འདེབས་རྗེ་ཨ་ནནྡས་མཛད་པ། ཁྲིད་ཀྱི་ཡི་གེ་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པ་ཐོས་སོ། ༈ །རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་བཞིའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ། ཨ་མོ་གྷ། ཡེ་ཤེས་འབྱུང་གནས། པདྨ་བཛྲ། དཱི་པཾ་ཀ་ར། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་གེ རྭ་ཤེས་རབ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རྡོར་བ། ཉང་སྟོད་ཨཱརྻ། གྲུབ་ཆེན་ཀུན་དགའ་བློ་གྲོས། རྗེ་དགེ་བ་རྒྱལ་མཚན། ཆོས་རྗེ་རིན་རྣམ། རྗེ་བཙུན་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ རྗེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་