R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 79
[A:79]མ།
ནི་རྡོ་རྗེ་གྲུབ། །དེ་ནས་ཤྲཱི་བཛྲ་བ་དྷི་རྒྱལ།
བར་པ།
།དེ་ཡི་སློབ་དཔོན་དེ་ཡི་ཕྱི་མ་
ཨུཏྤལ་མའི་ཞབས
དང་། །གོས་བྲལ་ཞབས་
གཅེར་བུ།
དང་དེ་བཞིན་ནོ། །དཔལ་ལྡན་
ཆུང་བ།
ཛྙཱ་ན་བོ་དྷི་རྒྱལ། །དེ་བཞིན་ཤྲཱི་ཡོ་བོ་དྷི་དང་། །སློབ་དཔོན་པདྨ་བཛྲ་དང་། །ཌོམྦྷི་
ཧེ་རུ་ཀའི
ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྡན་མོ། །བུང་བའི་
མཁའ་འགྲོ་མ།
པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ན་ཀི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། །ཞེས་པ་ལྟར། རྡོ་རྗེ་འཆང་། དཔལ་བདེ་བ་ཆེན་པོ། ཨིནྡྲ་བྷུ་ཏི། དཔལ་ཚངས་པའི་ཞབས། བྲམ་ཟེ་མོ། གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷུ་དྷི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། སློབ་དཔོན་གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བོ་དྷི། སློབ་དཔོན་པདྨ་བཛྲ། ཌོམྦྷི་ཧེ་རུ་ཀ ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་པདྨ། ལྕམ་ལེགས་སྨིན། རྒྱལ་པོ་ཨིནྡྲ་བྷུ་དྷི་ཆུང་བ། དེའི་སློབ་མ་བྲམ་ཟེ་རིན་ཆེན་རྡོ་རྗེ། དེ་ལ་ཁ་ཆེ་ཤེས་རབ་གསང་བས་གསན། དེ་ལ་འབྲོག་མི་སྟེ་དེ་མན་འདྲའོ། །ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ཨིནྡྲ་བྷུ་དྷི་ཆེ་བ། ལྕམ་ལེགས་སྨིན། ཤེས་རབ་གསང་བ། འབྲོག་མི་མན་ཆད་གོང་བཞིན་ནོ། །པདྨ་བཛྲའི་ལམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་ལ་སེ་བཛྲ།
གྲུབ་ཐོབ་ཆོས་འཆད་ཀྱི་ཕྱག་རྒྱ།
ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷོ་དྷི། ལྕམ་ལེགས་སྨིན། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། རྗེ་ག་ཡ་དྷ་ར། འབྲོག་མི་མན་འདྲའོ། ༈ །ཌོམྦྷི་བའི་ལྷན་ཅིག་སྐྱེས་གྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་