R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 91
[A:91]གྲུབ་པ་བརྩོན་འགྲུས། ཀ་བཅུ་པ་གཞོན་ནུ་སེང་གེ བླ་མ་ཤཱཀྱ་གྲུབ། རྡོ་སྟོན་བསོད་ནམས་བཟང་པོ། རྗེ་རྒྱལ་བ་དཔལ། ཡ་མ་ལག་པ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན། གྲྭ་པ་མངོན་ཤེས། ལྕེ་སྟོན་གསལ་བའི་ཤེས་རབ། ཚེ་དོན་གསལ། དམ་པ་ཤག་པོ། དམ་པ་ཤེས་རྡོར། བསོད་ནམས་རིན་ཆེན། ཀ་བཅུ་པ་གཞོན་སེང་མན་འདྲ། ༈ །འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་བརྒྱུད་པ་ནི། འཇམ་དབྱངས། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎ་ཆེན། རྗེ་བཙུན་སྒ་ལོ། སྲས་ཨ་ཀ་ར། བྲག་ཁ་བ་གྲགས་པ་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན། ངོར་ཆེན། མུས་ཆེན། ཀུན་མཁྱེན། རྗེ་སངས་རིན་པ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་