R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 119
[A:119]འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། འཇམ་པའི་དབྱངས་བསོད་ནམས་དབང་པོ། དྷརྨཱ་སྭ་མི། པཎྜེ་པ་ཀུ་ས་ལི། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཛད་པའི་ཆོས་ཚན་བརྒྱ་དང་བཞི་བཅུ་ཞེ་དྲུག་གི་ནང་ནས། གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ལ་བསྟོད་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ། བླ་མ་བསོད་ནམས་བཟང་པོ་ལ་བསྟོད་པ། ཆོས་རྗེ་བློ་གྲོས་རྒྱ་མཚོ་ལ་བསྟོད་པ། མུས་པ་ནམ་མཁའི་རྣལ་འབྱོར་ལ་བསྟོད་པ། ཉི་མ་དཔལ་བཟང་པོ་ལ་བསྟོད་པ། མཁན་ཆེན་བློ་གྲོས་གསལ་བ་ལ་བསྟོད་པ། བླ་མ་དམ་པ་གངས་པ་ལ་བསྟོད་པ། བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལ་བསྟོད་པ། མཁན་པོ་འཇམ་དབྱངས་ཁ་ཆེ་ལ་བསྟོད་པ། བླ་མ་དམ་པ་སྨན་གོང་འདུ་བ་ལ་བསྟོད་པ། དམ་པ་རི་ཁྲོད་པ་ལ་བསྟོད་པ། མཁས་པ་དཔལ་ཆེན་ལ་བསྟོད་པ། བླ་མ་ཀུན་འདུས་ལ་བསྟོད་པ། ལོ་ཆེན་སྐྱབས་མཆོག་ལ་བསྟོད་པ། གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་ལ་བསྟོད་པ། བིརྺ་པ་ལ་བསྟོད་པ། མཁས་པ་ཆེན་པོ་ཤནྟི་པ་ལ་བསྟོད་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་བསྟོད་པ། རྒྱན་དྲུག་མཆོག་གཉིས་ས་ཀའི་ལྷ་དང་བཅས་པ་ལ་བསྟོད་པ་རིན་ཆེན་སྤུངས་པ། མཁས་པ་ཆེན་པོ་ཀ་མ་ལ་ཤི་ལ་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་། རྗེ་བཙུན་དམ་པ་རྒྱ་གར་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས། གྲུབ་ཆེན་ལ་བ་པ་ལ་བསྟོད་པ་བྱིན་རླབས་ཀུན་འབྱུང་། དཔལ་ནཱ་རོ་པ་ལ་བསྟོད་