[A:124]དབྱངས། བསྒོམ་རིམ་གྱི་སྐོར་ལ། ཤེར་ཕྱིན་ཉམས་སུ་ལེན་པའི་མན་ངག་ལམ་ལྔ་གསལ་སྒྲོན། ལམ་ལྔའི་ཁྲིད་ཡིག་ཇོ་བོའི་ལུགས་ཏིང་ངེ་འཛིན་གྱི་གོལ་སའི་མཐའ་དཔྱད་པའི་གདམས་ངག་བདུད་རྩིའི་ཐིགས་པ། བློ་སྦྱོང་སྤྱི་དཔུང་དོན་གྱི་མན་ངག སྐུ་གསུང་ཐུགས་མཉམ་པར་གཞག་པའི་མན་ངག་རིན་ཆེན་སྤུངས་པ་དང་། སྐུ་གསུང་ཐུགས་མཉམ་པར་གཞག་པའི་མན་ངག་ཟབ་དོན་རྒྱ་མཚོ། སྐྱབས་འགྲོའི་མན་ངག་གནད་ཀྱི་ཟླ་ཟེར། ཤེར་ཕྱིན་སྟོང་ཉིད་བཞི་སྦྱོར་ཉམས་སུ་ལེན་པའི་མན་ངག་བདུད་རྩིའི་དགའ་སྟོན། དབུས་མཐའ་རྣམ་པར་འབྱེད་པའི་བསྒོམ་རིམ་སྙིང་པོ་རབ་གསལ། མདོ་སྡེ་རྒྱན་གྱི་བསྒོམ་རིམ་ལེགས་བཤད་སྒྲོན་མེ། རྒྱུད་བླའི་བསྒོམ་རིམ་མི་ཕམ་དགོངས་དོན། རིན་ཆེན་ཕྲེང་བའི་བསྒོམ་རིམ་རིན་ཆེན་སྒྲོན་མེ། རྣལ་འབྱོར་བཞིའི་མན་ངག་གནད་ཀྱི་སྙིང་པོ། ཕར་ཕྱིན་དྲུག་ཉམས་སུ་ལེན་ཚུལ་ཐར་ལམ་བདེ་བའི་འཇུག་ངོགས། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་པདྨ་དཀར་པོའི་ཕྲེང་བ། དབུ་མ་ལྟ་ཁྲིད་ཟབ་དོན་གནད་ཀྱི་ཟླ་ཟེར། ལྟ་ཁྲིད་ཀྱི་བསྡུས་དོན་དབུ་མ་འཇུག་པའི་བསྒོམ་རིམ་རིན་ཆེན་སྒྲོན་མེ། སྤྱོད་འཇུག་བསྒོམ་རིམ་རིན་ཆེན་རྒྱན་ཕྲེང་། ཚད་མ་རྣམ་འགྲེལ་གྱི་བསྒོམ་རིམ་ཕུལ་དུ་བྱུང་བའི་སྙིང་པོ་དང་། ངོ་མཚར་སྣང་བ་གཉིས་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རོང་སྟོན་ཆེན་པོ། པཎ་ཆེན་རྒྱ་རྡོར་བ། སྟོང་ཆེན་ཤཱཀྱའི་མཚན་ཅན། སྟོང་ར་བ་ཀུན་དགའ་ལེགས་གྲུབ། ལུམ་པ་བ་རྗེ་ཀུན་དགའ་ཆོས་གྲགས། རྫོང་ཤར་བ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་