R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]ལས་རྣམ་པར་རྒྱལ་བས་མཛད་པ་རྒྱ་གར་གྱི་པཎྜི་ཏ་འཇམ་པའི་དབྱངས་དང་། བོད་ཀྱི་ལོ་ཙ་བ་ལྕེ་དགའ་བའི་དཔལ་གྱིས་བསྒྱུར་བ་རྣམས་ཀྱི་ལུང་དང་། སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ཐོས་སོ། ༈ །ཡང་མ་ཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དཔག་མེད་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ། རས་ཆུང་བ། མི་ལ་རས་པ། དྭགས་པོ་ལྷ་རྗེ། ཐ་ཙ་བ། འབྲི་ཁུང་བ། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ཆེན་ལྡན། རྗེ་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ། ཆོས་རྗེ་བདེ་ལེགས་རིན་ཆེན། ཀུན་དགའ་དཔལ་བཟང་། དབུ་མ་པ་དཔལ་ལྡན་བཟང་པོ། དྲིན་ཆེན་དཔལ་ལྡན་མགོན་པོ། རྗེ་སངས་རྒྱས་རིན་ཆེན། ས་ལོ་ཐམས་ཅད་མཁྱེན་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། བཀའ་དྲིན་མཚུངས་མེད་ཡབ་རྗེ་སྦས་པའི་སྲས་གྲགས་པ་བློ་གྲོས། དེས་བདག་ལའོ། ༈ །བླ་མེད་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་ཐོག་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་བ་རྣམ་པར་དག་པ་ལན་མང་དུ་ཐོས་པའི་བརྒྱུད་པ་ནི། ཤྲཱི་དྷརྨཱ་ཀཱ་ཡ་ས་མནྟ་བྷ་དྲ།
དཔལ་ཆོས་སྐུ་ཀུན་ཏུ་བཟང་པོ།
སམྦྷོ་ག་ཀཱ་ཡ་བཛྲ་སཏྭ།
ལོངས་སྐུ་རྡོ་རྗེ་སེམས་དཔའ།
ནིརྨྨ་ཎ་ཀཱ་ཡ་པདྨ་ཀ་ར།
སྤྲུལ་སྐུ་པདྨ་འབྱུང་གནས།
ནཱ་གནྟྲ་རཀྵི་ཏ།
འཁོན་ཀླུ་དབང་པོ་བསྲུང་བ།
བཛྲ་རཏྣ།
རྡོ་རྗེ་རིན་ཆེན།
པྲ་ཛྙཱ་གུ་ཎ།
ཤེས་རབ་ཡོན་ཏན།
ཤི་ལ་རཱ་ཛ།
ཚུལ་ཁྲིམས་རྒྱལ་པོ།
བཛྲོཥྞ་ཥ།
རྡོ་རྗེ་གཙུག་ཏོར།
ཤུ་བྷ་ཤ་ར་ཎ།
དགེ་སྐྱབས།
ཤུ་བྷ་བཱ་ཤྱ།
དགེ་མཐོང་།
ནེ་པཱ་ལ།
བལ་པོ།
ཤཱཀྱ་མ་ཏི།
ཤཱཀྱ་བློ་