R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧བ
[A:༧བ]དང་འདྲའོ། ༈ །ཆག་ལུགས་ཀྱི་བརྒྱུད་པ་ནི། ཀླུ་སྒྲུབ། སྲས་ཀྱི་ཐུ་བོ་ཤཱཀྱ་བཤེས་གཉེན། ཨཱརྻ་དེ་ཝ། འཕགས་པ་རྟ་དབྱངས། རོལ་པའི་རྡོ་རྗེ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། དཔེ་མེད་དཔལ། གམྦྷི་ར་མ་ཏི་པ། ནིསྐ་ལངྐ་པ་དེ་བ། ར་ཝེནྡྲ་པ་དེ་ཝ། ཆག་ལོ་ཙཱ་བ། འུ་ཡུག་ཀུང་ར་བ་བླ་མ་དཔལ། ཡང་ཀླུའི་བྱང་ཆུབ་ཀྱིས་ཌོམྦྷི་པ། བི་ར་ཌི་པ། མ་ཏཾ་གརྦྷ། རྡོ་རྗེ་གདན་པ། ར་ཝནྟྲ་པ། ཆག་ལོ་ཙཱ་བ། ཡང་ཟླ་གྲགས་ཀྱིས་རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། རྣམ་པར་གྲགས་པའི་ལྷ། རྙོག་མེད་ལྷ། ར་ཝེནྡྲ་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། འུ་ཡུག་དཔལ་ལ། བླ་མ་གྲགས་ཆེན་པ། བླ་མ་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན་མན་ཆད་གོང་དང་འདྲའོ། ༈ །ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཤཱཀྱ་དགེ་བསྙེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱེ་ཏ་དེ་ཝ། ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ། ས་སྐྱ་པཎྜི་ཏ། འོད་ཟེར་ཤཱཀྱ། ཁའུ་དར་ཤེས། སེ་མོ་དར་པ་རིན་ཆེན་དཔལ། བླ་མ་ར་གཉིས་པ་རྒྱལ་རིན། སྲོ་ལུང་ནགས་ཕུག་པ་ཀུན་སྨོན། བླ་མ་གྲགས་ཆེན་པ། བླ་མ་འཕགས་འོད། བུ་སྟོན་མན་ཆད་གོང་དང་འདྲའོ། ༈ །དཔྱལ་ལུགས་ཀྱི་དབང་གི་བརྒྱུད་པ་ནི། ཇོ་བོ་དང་འདྲའོ་ཞེས་ཟེར་བུ་སྟོན་རིན་པོ་ཆེའི་གསན་ཡིག་ལ་སྣང་ཡང་། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཁ་ཆེ་