R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ]པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་རྒྱ་གཞུང་དེ་གསུམ་གྱི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱ་ཀ་ར། ན་ཡ་ཀ་པཱ། ད་ཤ་པ་ལ་ཤྲཱི། བིཀྵ་ར་དེ་ཝ། ཤྲཱི་བྷ་དྲ། ལ་ལི་ཏ་བཛྲ། དྷརྨཱ་གུཔྟ། རཏྣ་ཀ་ར། པདྨ་བཛྲ། རཏྣ་ཀིརྟི། སངས་རྒྱས་དབྱངས། པཎ་ཆེན་ནགས་རིན། འགོས་ལོ་ཙཱ་བ། ལྷུན་སྡེ་རབ་འབྱམས་པ། དགེ་སློང་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་ཆོས་གྲགས། རྗེ་བཀྲ་ཤིས་མཚན་ཅན། རྗེ་པདྨ་བ། རྗེ་ཝ་གིནྡྲ། ཆོས་རྗེ་བུདྡྷ་བ། ཞྭ་ལུ་མཁས་གྲུབ་རིན་ཆེན་རྒྱ་མཚོ། བྷ་དནྟ་ཀུ་ས་ལི། དེ་ལས་ཀྱང་བདག་གིས་ཐོས་སོ། །རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྡོ་རྗེ་ཕྲེང་བའི་སྒྲུབ་དཀྱིལ་གྱི་ཡི་གེ་རྡོ་ཕྲེང་མཛེས་རྒྱན་གྱི་ལུང་ཡང་ཐོས་སོ། །འཇམ་པའི་དབྱངས་བསོད་ནམས་དབང་པོས་མཛད་པའི་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་གསང་བ་ཡིད་བཞིན་ནོར་བུའི་ལུང་ཐོབ་པའི་བརྒྱུད་པ་ནི། ས་ལོ་འཇམ་དབྱངས་ཆེན་པོ་ཡན་ལམ་འབྲས་དང་འདྲ་ལ། དེ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། ༈ །འཇམ་དབྱངས་ནག་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ། རྗེ་བཙུན་ཆེན་པོ། ས་སྐྱ་པཎ་ཆེན། ཞང་མདོ་སྡེ་དཔལ། འཇམ་སྐྱ། མཉམ་མེད་པ། བླ་མ་ཤཱཀྱ་འཕགས་པ་གཞོན་ནུ་བློ་གྲོས། ཆོས་རྗེ་ཀུན་དགའ་བཟང་