R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤བ
[A:༡༤བ]བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །དེའི་ཡིག་ཆ་སངས་རྒྱས་རིན་ཆེན་པས་མཛད་པ་དང་། རྒྱལ་ཚབ་དཀོན་མཆོག་དཔལ་ལྡན་པས་མཛད་པའི་ལུང་ཡང་ཐོས་སོ། །ཡང་ཇོ་བོ་རྗེའི་ཐུགས་དམ་ཆོས་ཆུང་བརྒྱ་རྩར་གྲགས་པ་ཐོབ་པའི་མཚན་གྱི་རྣམ་གྲངས་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་དགེ་བློའི་འགྱུར། ༡ སྤྱོད་བཏུས་སྒྲོན་མ་ནག་ཚོའི་འགྱུར། ༢ བདེན་པ་གཉིས་ལ་འཇུག་པ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། ༣ དབུ་མའི་མན་ངག་ནག་ཚོའི་འགྱུར། ༤ སྙིང་པོ་བསྡུ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། ༥ སྙིང་པོ་ངེས་པར་བསྡུ་བ་ནག་ཚོའི་འགྱུར། ༦ བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ། ༧ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་དེ་གཉིས་ལ་འགྱུར་བྱང་མི་སྣང་། ༨ འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་ཀླུ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར་ལ་ནག་ཚོས་བཅོས་པ། ༩ སྤྱོད་པའི་གླུ་བཛྲ་པ་ཎི་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༡༠ ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ནག་ཚོའི་འགྱུར། ༡༡ དྲན་པ་གཅིག་པའི་མན་ངག་ནག་ཚོའི་འགྱུར། ༡༢ བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་ནག་ཚོའི་འགྱུར། ༡༣ སྐྱབས་སུ་འགྲོ་བ་བསྟན་པ་འགྱུར་བྱང་མེད་པ། ༡༤ ཐེག་པ་ཆེན་པོའི་ལམ་སྒྲུབ་ཐབས་ཡི་གེར་བསྡུས་པ་དགེ་བློའི་འགྱུར། ༡༥ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དགེ་བློའི་འགྱུར། ༡༦ རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་དགེ་བློའི་འགྱུར། ༡༧ མདོ་སྡེ་ཡི་དོན་ཀུན་ལས་