R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨ན
[A:༨ན]པཎ་ཆེན་ལ་ཞུས་པར་སྣང་བས། ཁ་ཆེ་པཎ་ཆེན་ཡན་ས་ལུགས་དང་འདྲ། དེའི་རྗེས་སུ་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། རྗེ་བཙུན་སྒ་ལོ། བླ་མ་དཔལ་གྱི་རྒྱལ་མཚན། བླ་མ་དོན་རི་གྲགས་ཆེན། ཀུན་མཁྱེན་འཕགས་འོད། བུ་སྟོན་ལོ་ཙཱ་བ། མཁས་གྲུབ་གཞོན་ནུ་བསོད་ནམས་མན་འདྲའོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ལན་མང་དུ་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། ཀ་བཞི་པ་གྲགས་གཞོན། རིན་པོ་ཆེ་བསོད་ནམས་གྲགས་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཡབ་རྗེ་སྦས་པའི་སངས་རྒྱས། དེས་བདག་ལའོ། །ཡང་ན་ངོར་ཆེན། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་དབྱངས་ཆེན་པོ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ནོས། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ནས་བཤད་པའི་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཡེ་ཤེས་མཁའ་འགྲོ་མ། ཨ་བྷྱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། པཱུ་ཛ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་རྒྱལ།
ལོ་ཙཱ་བ་འདིས་ལོ་བརྒྱ་དང་བདུན་ཐུབ།
རྒྱལ་མཚན་རིན་ཆེན། གར་