R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༠ན
[A:༡༠ན]ཤིས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། རྒྱལ་ཚབ་དཀོན་མཆོག་དཔལ་ལྡན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་ན་འཇམ་དབྱངས་སངས་རྒྱས་རིན་ཆེན་ཡན་གོང་དང་འདྲ་བ་ལས། དེ་ནས་ས་ལོ་འཇམ་དབྱངས་ཆེན་པོ། སྔགས་འཆང་ཆེན་པོ་མན་འདྲ། ཡང་ན་རྗེ་འཇམ་དབྱངས། རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆེན་པོ་མན་འདྲ། ཡང་ན་རྗེ་འཇམ་དབྱངས། རྗེ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་བཟང་མན་འདྲ། ཁྲིད་ཡིག་དེ་ཉིད་ཀྱི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། སྔགས་འཆང་ཆེན་མོ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ངོར་པ་བྷ་དནྟ་ཨ་ཝ་དྷུ་ཏི། མུས་པ་བྷ་དནྟ་ཀུ་ས་ལི། དེ་ལས་ཀྱང་བདག་གིས་ཐོས་སོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པ་བསྙེན་དུས་ཀྱི་རྗེས་གནང་སྒྲུབ་ཐབས་རྒྱ་གཞུང་གི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་ཀིརྟི། རི་སུལ་གྱི་རྣལ་འབྱོར་མ། བླ་མ་གཉན་ལོ་ཙཱ་བ་ཆེན་པོ། བླ་མ་གནམ་ཁ་འུབ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་