[A:༡༡བ]ཡབ་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཁོར་ལོ་བདེ་མཆོག རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། བཛྲ་ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དམ་ཚིག་གི་རྡོ་རྗེ། འཆི་མེད་བློ་བཟང་། བཻ་རོ་ཙ་ན། ཁམས་པ་སྒ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་བསྒོམ། རྒྱལ་ཚ་ཆོས་དབང་། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ཀླུང་སེང་རྒྱལ། བླ་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་རྒྱལ། འཁོན་སྟོན་བློ་གྲོས་རྒྱལ་མཚན། མཁས་མཆོག་དཔལ་ལྡན་རྒྱལ་པོ། རྗེ་བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་དབྱངས་ཆེན་པོ། འཕགས་ཆེན་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་ན་ས་ལོ་ཡན་གོང་དང་འདྲ་བ་ལས། དེ་ནས་བདག་ཆེན་ངག་གི་དབང་ཕྱུག སྔགས་འཆང་ཆེན་པོ་མན་འདྲ། འདིའི་རྗེས་གནང་གི་ཡི་གེ་སྔགས་འཆང་ཆེན་པོས་མཛད་པ། སྒྲུབ་ཐབས་ས་ཆེན་གྱིས་མཛད་པ། སྒྲུབ་སྐོར་ཡར་ཀླུང་པས་མཛད་པ། རྗེས་གནང་གཏོར་ཆོག་ཆོམ་རྐུན་བསྲུང་བའི་ལས་ཚོགས་དང་བཅས་པ་རྗེ་བཙུན་སངས་རྒྱས་རིན་ཆེན་གྱིས་མཛད་པ་ཡང་ཐོས་སོ། ༈ །ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། ཀླུའི་དབང་པོ་སྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཚུལ་ཁྲིམས་རྒྱལ་