[A:༡༤ན]པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །དེའི་སྒྲུབ་ཐབས་གུ་གེ་པཎ་ཆེན་གྱིས་མཛད་པའི་ལུང་ཡང་ཐོས་སོ། ༈ །བསླབ་བསྡུས་ནས་གསུངས་པའི་ལུས་སྲུང་བའི་རིགས་སྔགས་སྒྲ་མི་སྙན་པའི་རང་གཟུངས་སུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། མ་ཏི་ཤྲཱི། ཧ་ངུ་ཙནྡྲ། དར་མ་གྲགས། དཔལ་ཆེན་རྒྱལ་བ་དོན་གྲུབ། ཡེ་ཤེས་རྒྱལ་པོ། སངས་རྒྱས་རིན་ཆེན། འཇམ་དབྱངས་ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །འདིའི་ཡིག་ཆ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་ཡང་ཐོས་སོ། ༈ །བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཟབ་མོའི་ཁྲིད་ལུང་དང་བཅས་པ་ཐོས་པའི་བརྒྱུད་པ་ནི། འཁོར་ལོ་བདེ་མཆོག པཎ་ཆེན་ཤཱཀྱ་ཤྲཱི། གཡག་སྡེ་ལོ་ཙཱ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས། རིན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། རིན་པོ་ཆེ་གྲགས་ཚུལ་བ། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། བོ་དོང་པ་བླ་མ་ཆུ་སྲིན་དཔལ། མཁས་བཙུན་དཔལ་རྒྱལ་བ། རྗེ་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་ནས་ནམ་མཁའ་དཔལ་