R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༥ན
[A:༡༥ན]བཏུས་པའི་མན་ངག་ནག་ཚོའི་འགྱུར། ༡༨ མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ནག་ཚོའི་འགྱུར། ༡༩ ལས་རྣམ་པར་འབྱེད་པ་ནག་ཚོའི་འགྱུར། ༢༠ ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ༢༡ འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག ༢༢ །ཁ་སྟོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ༢༣ །ཕ་རོལ་ཏུ་ཕྱིན་པའི་ཚ་ཚ་གདབ་པའི་ཆོ་ག ༢༤ །བླ་མའི་བྱ་བའི་རིམ་པ་འདི་བཞི་ལ་འགྱུར་བྱང་མི་སྣང་། ༢༥ སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་དགེ་བློའི་འགྱུར། ༢༦ དེ་རྣམས་ཇོ་བོ་རྗེ་ཉིད་ཀྱིས་མཛད་པ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་བྱང་ཆུབ་བཟང་པོས་མཛད་པ། ༢༧ པུ་ཎྱ་ཤྲཱི་མི་ཏྲ་དང་དར་མ་གྲགས་ཀྱི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ཀླུ་སྒྲུབ་ཀྱིས་མཛད་པ། ༢༨ པུ་ལེནྟྲ་བོ་དྷི་དང་། ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག་དགྲ་ལས་རྣམ་རྒྱལ་གྱི་མཛད་པ། ༢༩ སུ་མ་ཏི་ཀིརྟི་དང་བློ་ལྡན་ཤེས་རབ་ཀྱི་འགྱུར། ལས་དང་པོ་པའི་ས་སྦྱང་བ་བྱང་ཆུབ་སེམས་དཔའི་དགྲ་ལས་རྣམ་རྒྱལ་གསང་བའི་ཞལ་སྔ་ནས་མཛད་པ། ༣༠ ཀྲིཥྞ་པ་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སེམས་རིན་པོ་ཆེ་སྦྱང་བའི་རིམ་པ་ཞེས་བྱ་བའི་འཕྲིན་ཡིག་དགྲ་ལས་རྒྱལ་བའི་གསང་བས་མཛད་པ། ༣༡ ཨཱ་ཙརྻ་དུ་ལོ་པ་དང་། ཆོས་ཤེའི་འགྱུར། བཤེས་པའི་སྤྲིངས་ཡིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ༣༢ སརྦ་ཛྙཱ་དེ་ཝ་དང་། དཔལ་བརྩེགས་འགྱུར། སློབ་མ་ལ་སྤྲིངས་པ་ཙནྟྲ་གོ་མིས་མཛད་པ། ༣༣ སརྦ་ཛྙཱ་