R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༦བ
[A:༡༦བ]བསླབ་བཏུས་ནས་ཕྱུང་བ། ༦༢ མདོ་སྔགས་གཉིས་ཀྱི་ཐུན་མོང་བའི་མཎྜལ་བྱ་བའི་ཆོ་ག་སངས་རྒྱས་གསང་བས་མཛད་པ་འགྱུར་བྱང་མེད་པ། ༦༣ མཎྜལ་འབུལ་བའི་ཆོ་ག་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། ༦༤ ཨ་དུ་ལོ་པ་དང་ཆོས་ཤེས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་རྡོ་རྗེ་གདན་པས་མཛད་པ་དར་མ་གྲགས་ཀྱི་འགྱུར། ༦༥ མཎྜལ་གྱི་ཆོ་ག་རྙོག་མེད་རྡོ་རྗེས་མཛད་པ། ༦༦ ཨ་དུ་ལོ་པ་དང་བློ་ལྡན་ཤེས་རབ་ཀྱི་འགྱུར། མཎྜལ་གྱི་ཆོ་ག་ཀཾ་པ་ལས་མཛད་པ་འགྱུར་རྙིང་ངོ་། ༦༧ །ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་གནས་བརྟན་བྱང་བཟང་གིས་མཛད་པ། ༦༨ བི་ནཱ་ཡ་ཙནྡྲ་དང་ཆོས་ཤེས་ཀྱི་འགྱུར། ཏིང་ངེ་འཛིན་ཚོགས་ལེ་ནག་པོ་པས་མཛད་པ། ༦༩ དེ་ཉིད་དང་ཆོས་ཤེས་ཀྱི་འགྱུར། བསམ་གཏན་གྱི་ཆོས་དྲུག་ཨ་བ་དྷུ་ཏི་པས་མཛད་པ། ༧༠ དེའི་འགྲེལ་བཤད་དཱ་ན་ཤི་ལས་མཛད་པ། ༧༡ དྷརྨཱ་ཤྲཱི་བྷ་དྲ་དང་རིན་བཟང་འགྱུར། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་པར་གཞག་པ་མདོ་ལས་ཕྱུང་བ། ༧༢ ཧྭ་ཤང་ཟབ་མོ་དང་རྣམ་པར་མི་རྟོག་པའི་འགྱུར། རྣམ་པར་རྟོག་པའི་གེགས་བསལ་བ་སངས་རྒྱས་གསང་བས་མཛད་པ་འགྱུར་རྙིང་། ༧༣ རྣལ་འབྱོར་གྱི་མཚན་ཉིད་བསྟན་པ་བྱང་བཟང་གིས་མཛད་པ་འགྱུར་བྱང་མེད། ༧༤ རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཀ་མ་ལ་ཤི་ལས་མཛད་པ། ༧༥ པྲཛྙཱ་ཝརྨ་དང་ཡེ་ཤེས་སྡེའི་འགྱུར། རྣལ་འབྱོར་བསྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ་འགྱུར་བྱང་མེད་པ། ༧༦ རྣལ་འབྱོར་ལ་འཇུག་པ་ཕྱོགས་ཀྱི་གླང་པོས་མཛད་པ། ༧༧ དྷརྨཱ་ཤྲཱི་དང་རིན་ཆེན་བཟང་པོའི་འགྱུར། མི་སྡུག་པ་བསྒོམ་པའི་རིམ་པ་དགེ་བའི་གོ་ཆས་