[A:༢ན]དཔལ་བཟང་པོ་པའི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་དྲིན་ཇི་ལྟར་ནོས་པའི་ཚུལ་ནི། ཐོག་མར་གྲུབ་ཆེན་ཛེ་ཏ་རིའི་ལུགས་ཀྱི་མགོན་པོ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་རྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། སློབ་དཔོན་བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། བླ་ཆེན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད་ཟེར། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། བྱང་སེམས་ཡེ་རྒྱལ། གྲགས་པ་དཔལ། སྲུ་ལུང་པ་ཀུན་སྨོན། བྲག་ཕུག་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྗེ་བཙུན་ཀུན་དགའ་བཟང་