R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༣བ
[A:༢༣བ]ལ། ནག་པོ་ཆེན་པོའི་སྒྲུབ་ཐབས། རྡོ་རྗེ་གུར་དང་གུར་རྒྱན་ལས་ཕྱུང་བ། སྔགས་འདོན་བཤད་པ། ལྕམ་དྲལ་གྱི་རྩ་སྔགས་ལ་འགྱུར་མཆན་དང་། རྩ་སྔགས་ཀྱི་བོད་སྐད་ཚིགས་བཅད་དུ་སྟོབ་པ་མ་ཏིས་མཛད་པ། རྩ་སྔགས་ཀྱི་འགྱུར་མཆན་དཔང་ལོས་མཛད་པ། ལྕམ་དྲལ་གྱི་རྗེས་གནང་འཕགས་པས་མཛད་པ། ལོ་རྒྱུས་ཅུང་ཟད་གཅིག ལྕམ་དྲལ་གྱི་རྗེས་གནང་འགྲོ་མགོན་བསོད་ནམས་པས་མཛད་པ། པུ་ཏྲ་མིང་སྲིང་གི་རྗེས་གནང་དམ་པས་མཛད་པ། མགོན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱི་མཛད་པ་ཤདྡྷ་དང་ལོ་ཆེན་གྱིས་བསྒྱུར་བ། ལས་བྱང་ལོ་ཆེན་གྱིས་མཛད་པ། ལྕམ་དྲལ་སྦགས་སྒྲུབ་འཕགས་པས་མཛད་པ། བྲིས་སྐུ་དང་ལྡེར་སྐུ་བཞེངས་ཚུལ། སྦྱིན་བསྲེག་བཀྲ་ཤིས་དཔལ་གྱིས་མཛད་པ། གཏོར་མ་ལ་བརྟེན་ནས་དགྲ་བསད་པ། གཞན་གྱི་རིག་སྔགས་དང་རྦོད་སྟོང་བཟློག་པ། རྨི་ལམ་ངན་པ་དང་མཚན་མ་ངན་པ་བཟློག་པ། བྱད་ཤ་སྤག་པ། ཁ་ཟས་ལ་བརྟེན་ནས་དགྲ་བསད་པ་དང་། དགྲ་བགེགས་ཚོགས་སུ་བཟའ་བ་སྟེ་གཅེས་པའི་ཤོག་རིལ་དྲུག་དམ་པས་མཛད་པ། ཟབ་གཏད་ཏིང་ངེ་འཛིན་གྱི་ཤེས་རབ་ཀྱིས་བྲིས་པ། སྲུང་འཁོར་ཤཱཀྱ་གྲགས་ཀྱིས་མཛད་པ། བསྲུང་བཟློག་བསད་གསུམ་གྱི་ཞལ་ཤེས་ཚིགས་བཅད་མ་འཕགས་པས་དམ་པ་ལ་གནང་བ། རྩ་གསུམ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར། རྟེན་གཏོར་གྱི་མན་ངག འཁོར་ལོ་ལྔ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར། གསང་རྟེན་ལུས་ལ་བཅངས་བ། འཁོར་ལོ་བཅངས་ཐབས། གཏོར་མའི་མན་ངག གཏོར་མ་བཅའ་ཐབས། ངག་མནན། ངག་སྲུང་། སྐུ་གསུང་ཐུགས་