R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣ན
[A:༣ན]མཁན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་གུ་གེ་པཎ་ཆེན། འཇམ་དབྱངས་ནམ་མཁའ་བརྟན་པ། རྗེ་སངས་རྒྱས་སེང་གེ་མན་འདྲ། ཡང་ན་ངོར་ཆེན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་མཆོག་མན་སྔར་དང་འདྲའོ། །ཡང་ན་བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། བླ་མ་ཆ་རྒན། གྲགས་པ་དཔལ་མན་འདྲ། ཡང་ན་རྒྱ་ཞང་ཕུག་པ། འཇད་པ་རིན་ཤེས། ཨེ་པ་འཁོན་སྟོན་མན་འདྲ། ཡང་ན་གྲགས་པ་དཔལ། ཆོས་འཕགས་རྒྱལ་མཚན། བླ་མ་རིན་ཆེན་སེང་གེ བུ་སྟོན། ལོ་ཙ་བ་བྱང་ཆུབ་རྩེ་མོ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་སྔར་དང་འདྲའོ། །ཚེ་དཔག་མེད་ཀྱི་སྒྲུབ་ཐབས། དཀྱིལ་ཆོག བསྟོད་པ་རྣམས་སློབ་དཔོན་ཛེ་ཏ་རི་དགྲ་