[A:༥༣བ]བསོད་ནམས་རྒྱལ་མཚན། བླ་མ་དཔལ་ཚུལ་བ། ཤར་ཆེན་ཡེ་རྒྱལ་བ། ངོར་ཆེན་ཀུན་བཟང་། རྒྱལ་ཚབ་ཀུན་དབང་། མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཡི་གེ་རྙིང་མའི་ལུང་ཡང་ཐོས། ༈ །རྨེ་བརྩེགས་དུད་ཁའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ། སློབ་དཔོན་ཛཱེ་ཏ་རི། རྡོ་རྗེ་གདན་པ་མཆེད། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། བླ་མ་གྲྭ་ཐང་པ། བླ་མ་ཀུན་བསོད། བླ་མ་བློ་གྲོས་དཔལ། བཤེས་གཉེན་སེང་གེ མཁན་པོ་བསོད་ནམས་ཤེས་རབ། མཁན་པོ་ཤེས་མགོན། ཤར་ཆེན་ཡེ་རྒྱལ། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དབང་བ། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཆོས་རྗེ་ས་པཎ་གྱིས་མཛད་པ་ཐོས་སོ། ༈ །སྨེ་བརྩེགས་ལྗང་སྔོན་ཇོ་བོ་ནས་བརྒྱུད་པའི་རྗེས་གནང་། དེའི་ཡིག་ཆ་རྙིང་མའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། ཕྱག་སོར་ཤེས་འབར། བྱ་འདུལ་ཆོས་ཀྱི་བྱང་ཆུབ། ཟོལ་བུ་བ། དཀོན་མཆོག་སིངྷ་། ཚུལ་ཁྲིམས་རིན་ཆེན། དར་མ་བཟང་