R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨བ
[A:༨བ]དཔལ་ལྡན་ཚུལ་ཁྲིམས་ཀྱིས་གསན། དེ་ནས་རྗེ་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་ཞ་ལུ་པ་སངས་རྒྱས་དཔལ་བཟང་། མངའ་རིས་པཎ་ཆེན་དཔལ་ལྡན་རྒྱལ་པོ། ཆོས་རྗེ་དཔལ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་བཙུན་དམ་པ་ཆོས་དབང་ཕྱུག མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་མུས་ཆེན་སེམས་དཔའ་ཆེན་པོ། འཇམ་དབྱངས་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་འཁོར་ལོ་སྡོམ་པ་བུདྡྷའི་མཚན་ཅན། དེས་བདག་ལའོ། །ཡང་ན་ས་པཎ། ཚོགས་སྒོམ་པ། ཉན་ཆེན་པ། དེ་ལ་བྲག་ཕུག་པ། བླ་མ་དཔལ་ལྡན་སེང་གེ བླ་ཆེན་ཀུན་བློ་དང་གསུམ་གྱིས་གསན། དེ་གསུམ་ལ་བླ་མ་དམ་པ། བླ་མ་དཔལ་ལྡན་པ་མན་འདྲ། ཡང་ན་ས་པཎ་ལ་འཕགས་པ་དང་། བོ་དོང་བརྩོན་འགྲུས་རྡོ་རྗེས་གསན། དེ་གཉིས་ལ་ཁྲོ་ཕུ་བསོད་སེང་། ཡང་བརྩེ་བ་རིན་ཆེན་སེང་གེ དེ་གཉིས་ལ་ཀུན་མཁྱེན་བུ། ཁྱུང་ལྷས་པ། ཤར་ཆེན་པ། རྡོ་རྗེ་འཆང་མན་འདྲ། ཡང་ན་ས་པཎ། ཉན་ཆེན་པ། དེ་ལ་བླ་མ་དམ་པ་དང་། དཀར་པོ་བྲག་པ་གཉིས་ཀྱིས་གསན། དེ་གཉིས་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། རྗེ་རྡོ་རྗེ་འཆང་མན་འདྲ། ཡང་ན་འཕགས་པ། འཇམ་དབྱངས་རིན་རྒྱན། བྱ་སྡེར་བ་བྱང་ཆུབ་རིན་ཆེན། འདྲེན་མཆོག་ཕྱོགས་ལས་རྣམ་རྒྱལ། ལོ་ཆེན་བྱང་རྩེ། ཤར་ཆེན་པ་མན་འདྲ། ཡང་ན་བྲག་ཕུག་པ་ཆེན་པོ། བྲག་ཕུག་པ་དཀོན་རྒྱལ། གྲུབ་ཆེན་བུདྡྷ་ཤྲཱི། རྗེ་རྡོ་རྗེ་འཆང་མན་འདྲ།། ༈ །།བཀའ་བབ་