[A:༡༧ན]ཆེན་པ་ནས་འཇམ་སྐྱ། བླ་མ་དཔལ་ལྡན་སེང་གེ་པ་སོགས་སྔར་དང་འདྲའོ། །དེ་རྣམས་ཀྱི་ནང་ནས་དབང་བྱིན་རླབས་སོགས་ཆ་ལག་རྣམས་ཀྱི་བརྒྱུད་པ་དམིགས་བསལ་དགོས་པ་ལ། རིང་བརྒྱུད་ཞང་དགོན་པ་བ་ནས་རྗེ་ས་ཆེན་ལ་རིམ་པར་བརྒྱུད་པའི་ཆ་ལག རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། བརྒྱུད་པ་གོང་མ་རྣམས་གཞུང་ཁྲིད་དང་འདྲ་བ་ལས། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ནས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། དེ་ལ་ཀུན་མཁྱེན་བསོད་ནམས་སེང་གེ་དང་། གྲུབ་ཆེན་དཀོན་མཆོག་བློ་གྲོས་གཉིས་ཀས་གསན། དེ་གཉིས་ཀས་རྗེས་སུ་བཟུང་བ་རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་རིན་ཆེན་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཨ་ནནྡ་ལའོ། ༈ །བརྡ་ཆིག་བརྒྱུད་ཀྱི་མན་ངག་གི་བརྒྱུད་པ་ནི། རྗེ་སེམས་དཔའ་ཆེན་པོ་ཡན་ཆད་གོང་དང་འདྲ། དེ་ནས་ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་བསོད་ལའོ། ༈ །ཡང་ན་ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དབང་། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཨ་ནནྡ་ལའོ། ༈ །ཡང་ན་ངོར་ཆེན། ཀུན་