R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༨བ
[A:༡༨བ]ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། ༈ །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ་མན་འདྲའོ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་བ་ཨ་ནནྡ་ལའོ། ༈ །རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་དང་། བིར་བསྲུང་ཐུན་མོང་བའི་བརྒྱུད་པ་ལམ་ཟབ་དང་འདྲའོ། ༈ །བིར་བསྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་ཀུན་དབང་བ། འདྲེན་མཆོག ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །ཡང་ན་མུས་ཆེན། གྲུབ་ཆེན་དཀོན་བློ། རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ་མན་འདྲའོ། ༈ །ཡང་ན་རྒྱལ་ཚབ་ཀུན་དབང་། མཁན་ཆེན་ལེགས་འབྱུང་། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །གསུང་ངག་རིན་པོ་ཆེའི་མན་ངག་གི་དོན་ཐམས་ཅད་བསྡུས་པ་བརྡ་དོན་གསལ་བའི་བྱིན་རླབས་ཉམས་ལེན་གྱི་གནད་ཟབ་མོ་དུ་མ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་རུ་པ། ས་ཆེན། རྗེ་བཙུན་ས་པཎ། བླ་མ་ལུང་ཕུ་བ། ནམ་མཁའ་བསོད་ནམས། མཁས་བཙུན་གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་