R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༣༨བ
[A:༣༨བ]རྒྱལ། བླ་མ་རིན་ཆེན་བཟང་པོ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་མན་འདྲའོ། །ཀུན་རིག་གི་ཆོ་གའི་རྣམ་བཤད་ཆེན་མོ་ཟིན་བྲིས་མ་དཔག་བསམ་ལྗོན་པའི་སྟེང་ནས་ཆོ་གའི་བཤད་པ་ཤིན་ཏུ་རྒྱས་པ་མཐའ་ཆོད་དུ་མ་དང་བཅས་པ། ཕྱག་རྒྱ་རྣམས་ཀྱི་ཕྱག་ལེན་བརྡ་སྤྲོད་དང་བཅས་ཞིབ་ཏུ་བསྩལ་ཅིང་། རྗེ་བཙུན་གྱིས་མཛད་པའི་གཞན་ཕན་སྐོར་གསུམ་དང་། རྡོ་རྗེ་འཆང་གིས་མཛད་པའི་བསྙེན་རྒྱས། རྡུལ་ཚོན་ཁ་སྐོང་། གཞན་ཕན་མཐའ་ཡས། ཆ་གསུམ་གཏོར་མའི་ཡིག་ཆ་རྣམས་དང་། རྣམ་བཤད་དཔག་བསམ་ལྗོན་པ་དང་བཅས་པ་རྣམས་ཀྱི་ལུང་ཡང་ཐོས་སོ། །སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྭསྟི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་ཝ་ལི་ཏ།
ཤེས་རབ་བསྐྱངས།
ཡེ་ཤེས་རྡོ་རྗེ་པྲ་ཧི་ཏ།
རབ་ཏུ་ཕན་པ།
སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨཱ་ཕཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་ཤེས། སྣུར་ཉི་མ་འོད་ཟེར། གཤེན་རྡོ་རྗེ་སེང་གེ རྒྱ་གསར་པ། འབྲོ་ཛི་ཏི་པ། སྙེ་མདོ་པ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། འཛིན་པ་བློ་ཆེན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་པ། ངོར་ཆེན་ཀུན་དགའ་བཟང་པོ། བྱང་སེམས་ཁ་ཆར་བ། བྱང་སེམས་བློ་རིན་པ། རྗེ་སངས་རྒྱས་རིན་ཆེན། མཁན་ཆེན་དཀོན་མཆོག་རིན་ཆེན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྣམ་པར་སྣང་མཛད་སངས་རྒྱས་རྒྱལ་མཚན།