R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤༤བ
[A:༤༤བ]མོ་པ། མཁན་པོ་བྱང་ཆུབ་དཔལ། མཁན་པོ་བདེ་བ་དཔལ། མཁན་པོ་གྲགས་གཞོན་པ། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བ་བཟང་པོ། བྱ་བྲལ་བ་བསོད་ནམས་རིན་ཆེན། བླ་མ་ཆོས་གྲགས་བཟང་པོ། འཇམ་དབྱངས་རིན་རྒྱལ། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། ཏེའུ་རི་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ། སྙུག་ལ་པཎ་ཆེན། སྤྱན་སྔ་ངག་དབང་ཆོས་གྲགས། པཎ་ཆེན་ནམ་མཁའ་དབང་ཕྱུག རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་བྱིན་རླབས་དབང་བསྐུར་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད་མགོན། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་བ། རས་ཆུང་རྡོ་རྗེ་གྲགས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ལྷ་རྗེ། ཁམས་པ་རྡོར་རྒྱལ། འབྲི་ཁུང་འཇིག་རྟེན་མགོན་པོ། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ཆེན་ལྡན། ཟུར་ཕུག་པ། ཆོས་རྗེ་རྒྱལ་མཚན་དཔལ། བདེ་ལེགས་རིན་ཆེན། ཀུན་དགའ་དཔལ་བཟང་པོ། དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་མགོན་པ། རྗེ་བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བདག་ཆེན་ཀུན་དགའ་བཀྲ་ཤིས། དེ་གཉིས་ཀས་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ཚེ་དཔག་མེད་མགོན་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རོང་སྟོན་ཆེན་པོ་ནས་བརྒྱུད་པའི་ཚེ་སྒྲུབ་ཀྱི་མན་ངག་ཟབ་མོ་ཞག་བདུན་མར་གྲགས་པ་ཐོབ་