R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༣
[A:༥༧༣]དབང་བཞིའི་ཆུ་རྒྱུན་ཉེར་མཚོན་དལ་འབབ་ཀླུང༌། །དབུ་བ་དཀར་པོའི་མེ་ཏོག་འགྲེམ་བཞིན་དུ། །ལྷུང་ལྷུང་ཆབ་སྒྲ་སྙན་པའི་རྒྱུད་མངས་བསྒྲེངས། །
མེ་ཏོག་རྩི་སྨན་སོགས་མང་བ་ལ་གཟུགས་ཅན་གྱི་རབ་བརྟགས།
དབང་པོའི་ཚོན་བརྒྱས་བཀྲ་བའི་མེ་ཏོག་ཚལ། །ལེགས་སྨིན་ལོ་ཏོག་རྩི་སྨན་མྱུ་གུའི་ཚོགས། །དངོས་གྲུབ་འདོད་འཇོའི་དགའ་སྟོན་མ་སྨད་པའི། །ཆོ་ག་བསྟར་བ་མཐོ་རིས་ལེགས་སྤྱོད་བཞིན། །
རྒྱབ་རིའི་དབྱིབས་ནི།
ལྟ་གྲུབ་ཀུན་གྱི་ཡང་རྩེ་བླ་མེད་ཀྱི། །བསྟན་པ་རྒྱས་པའི་དགེ་མཚན་རྒྱབ་ཀྱི་རི། །བརྗིད་ཅིང་ལྷུན་ཆགས་རིན་ཆེན་རྡུལ་བརྩེགས་ཀྱིས། །ཁེངས་པ་སྤྱོད་བྱེད་དབང་གི་རྒྱལ་པོ་བཞིན། །
གཡས་རིའི་དབྱིབས།
དམ་པའི་གདུང་འཚོབ་ཕྲིན་ལས་སྲིད་སྐྱོང་བའི། །ཆོས་ཀྱི་སྲས་ཚ་རིགས་བརྒྱུད་སྤེལ་བའི་ཕྱིར། །གཡས་རི་བུ་སྡུག་པང་དུ་འཛིན་མཁས་པའི། །བཙུན་མོ་རིན་ཆེན་སྟན་ལ་རོལ་པ་བཞིན། །
གཡོན་རིའི་དབྱིབས།
ཐེག་ཆེན་ཤིང་རྟའི་འགྲོས་ཀྱིས་སྐལ་ལྡན་ཀུན། །རྣམ་གྲོལ་ཐར་པའི་ལམ་དུ་དྲངས་པའི་ཆེད། །གཡོན་རི་སྤྱི་གཙུག་རིན་ཆེན་གྱིས་སྤྲས་པའི། །མཆེ་བ་དྲུག་ལྡན་གྱེན་དུ་འདེགས་པ་བཞིན། །
མདུན་རིའི་དབྱིབས།
ཁ་ན་མ་ཐོའི་དྲི་བྲལ་ཆོས་བཞིན་པའི། །ལོངས་སྤྱོད་གཏེར་སྒོ་བརྒྱ་ཕྲག་དབྱེ་བའི་སླད། །མདུན་རི་བློན་པོ་རིན་ཆེན་འདུད་པ་དང༌། །འབྲུ་དང་ནོར་བུའི་ཕུང་པོ་སྤུངས་པ་བཞིན། །
འདི་ཡན་ཤློ་ཀ་བཞི་ངེས་བསྟན་ནམ་རབ་བརྟགས་སོ། །ཁོར་ཡུག་གི་རིའི་དབྱིབས་ལ་ཉམས་ལྡན་གྱི་རྒྱན་ནི།
ཀུན་ནས་ཟླུམ་འཁྱིལ་འཁོར་ཡུག་རི་བོའི་རྒྱུད། །པདྨའི་སྐྱེ་གནས་འཁོར་ལོའི་མུ་ཁྱུད་ལྟར། །བྲག་རི་དབྱིབས་མཛེས་དུང་དང་རྒྱལ་མཚན་སོགས། །བཀྲ་ཤིས་མཚན་མ་ཆེད་དུ་བཀོད་འདྲས་མཛེས། །
ལམ་རིང་ཞིང་བགྲོད་དཀའ་བ་ལ་རྒྱུད་པ་ནི།
ཀུན་དཀྲིས་ཉེས་བརྒྱས་གཟེངས་པའི་གྲོང་ཁྱིམ་ལས། །ལམ་རིང་བགྲོད་དཀས་ཕྱིན་པ་ཉེར་ཞིའི་གནས། །ངན་འགྲོའི་འཇིགས་ལས་རྒྱལ་བྱེད་ཚལ་དང་ནི། །མྱང་འདས་ཐར་པ་མཆོག་གི་གཞལ་མེད་ཁང༌། །
དེར་སླེབ་ཚེ་ཤིན་ཏུ་དབེན་པ་རང་བཞིན་བརྗོད་པའི་རྒྱན།
འདུ་འཛིའི་ཀླུང་བརྒྱ་བརྒལ་