[A:༡བ] རྒྱ་གར་སྐད་དུ། པྲ་ཛྙཱ་དེ་ཤྭ་ར་ག་ག་ན་ཤྲཱི་བྷ་དྲ་ཡ་ན་མོ། བོད་སྐད་དུ། མཁྱེན་རབ་ཀྱི་དབང་ཕྱུག་ནམ་མཁའ་དཔལ་བཟང་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་འདིར་ཀུན་མཁྱེན་གཉིས་པ་ལྟར། །རབ་གྲགས་རྒྱལ་བས་ལུང་བསྟན་ཨེ་ཝྃ་པ། །མཁས་ཀུན་དགའ་བའི་འདྲེན་པ་བཟང་པོ་ཡིས། །བསྟན་པའི་གསལ་བྱེད་ནམ་མཁའ་དཔལ་བཟང་རྒྱལ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་ཤྲཱི་ཨེ་ཝྃ་པ་ཆེན་པོ་ཆོས་ཀྱི་རྗེ་ནམ་མཁའ་དཔལ་བཟང་པོའི་དྲུང་དུ། རང་ལོ་གཞོན་ནུའི་དུས་དམ་པའི་ཆོས་ཀྱི་བཀའ་དྲིན་ཅུང་ཟད་མནོས་པའི་ཚུལ་ནི། ཐོག་མར། ༈ ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏཱ་རི། བྱང་ཆུབ་བཟང་པོ། ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་