R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༩ན
[A:༩ན]ཀུན་ལ་མངའ་བརྙེས་པའི། །ཡོངས་འཛིན་བླ་མའི་རྣམ་ཐར་བསམ་བཞིན་དད། །ཐུབ་དབང་རྒྱལ་ཚབ་དཔལ་ལྡན་ས་སྐྱ་པའི། །བསྟན་འཛིན་ངོར་རྫོང་རྣམ་གཉིས་ཤིང་རྟའི་སྲོལ། །མ་ལུས་ཆོས་ཀྱི་མཛོད་ལ་དབང་བསྒྱུར་བའི། །དམ་པ་ཁྱེད་འདྲར་བདག་ཀྱང་འགྱུར་བར་ཤོག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། ཆོས་ཀྱི་རྗེ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱི་ཞལ་སྔ་ནས་རྗེས་སུ་བཟུང་བའི་སྐབས་ཏེ་དྲུག་པའོ།། །།སརྦ་མངྒ་ལཾ།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།