[A:༡བ]རྒྱ་གར་སྐད་དུ། པྲ་ཎ་མྱ་ཎ་ཤྲཱི་ཝ་ར་དཱི་བུདྡྷ་ཤྩ་དཱ་ཡ་སྱ་བཛྲ་ཙརྻེ་ཤྭ་ར་པྲ་ཏིདྡྷ་སྱ་བནྡ་ནཾ་ཀཱ་རོ་མི། བོད་སྐད་དུ། དཔལ་མཆོག་དང་པོའི་སངས་རྒྱས་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དབང་ཕྱུག་རབ་བརྟན་ལ་གུས་པས་ཕྱག་བགྱིའོ། །མཚུངས་མེད་ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱི། །སྙན་བརྒྱུད་གདམས་པ་རྒྱ་མཚོའི་མངའ་བདག་མཆོག །ཉམས་དང་རྟོགས་པའི་གཏེར་ཆེན་གྲུབ་དབང་ཆེ། །སྐལ་བཟང་ཡོངས་ཀྱི་མགོན་ཁྱོད་ཕྱག་གི་གནས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་ས་སྐྱ་པའི་མན་ངག་གསེར་ཆོས་སུ་གྲགས་པའི་གདམས་པ་སྙན་བརྒྱུད་ཟབ་མོ་ཀུན་གྱི་ཆོས་ཀྱི་གཏེར་ཆེན་པོ་གྲུབ་མཆོག་དབང་ཕྱུག་རབ་བརྟན་གྱི་དྲུང་དུ་དམ་པའི་ཆོས་ཐོས་པ་ལ། ཐོག་མར། ༈ །རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ནས་བརྒྱུད་པའི་ཚེ་དབང་ལྕགས་གདོང་མ་ཐོབ་པའི་བརྒྱུད་པ་ནི། ཆོས་